མད་ཐཱ། 16
16
ལེའུ་བཅུ་དྲུག
ངོ་མཚར་གྱི་རྟགས་མཐོང་རྒྱུ་འདོད་པ་བྱས་པ།
1ཕཱ་རུ་ཤི་པ་དིང་སཱ་ཅུ་སེ་པའི་ཆོས་ལུགས་ཀྱི་མི་ཀྱ་ཁོང་ལེ་ཚོད་ལེན་རྒྱུ་ཆེད་དུ་འོངས་པི་དིག མི་འདི་ཀྱ་ཀྱིས་ཁོང་ལེ་དཀོན་མཆོག་གི་ཞིང་ཁམས་ནས་ངོ་མཚར་གྱི་རྟགས་ཤིག་ཉེད་ཀྱ་ལེ་སྟོན་དང་ཞུས་ཕེན། 2ཁོང་གིས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་དགོང་མོ་ཆགས་པའི་དུས་ལེ་ནམ་མཁའི་སྤྲིན་དམར་པོ་འོད་དི་མཐོང་ནི། ད་རིང་ནམ་དྭངས་འོང་ཟིན་འོད་དི་དིང་། 3ཡང་སྔ་རོགས་ནམ་འཐིབས་འོད་དི་མཐོང་ནི། ཁྱེད་ཀྱ་ཀྱིས་ད་རིང་ཆར་རླུང་རྒྱག་མདོག་འདུག་ཟིན་འོད་དིག ཁྱེད་ཀྱ་ཀྱིས་ནམ་མཁའི་རྟགས་ལེ་བལྟས་ཏེ་གནམ་གཤིས་ཧ་གོ་ཐུབ་གྱོ་འོད་ཕེན། ད་ལྟའི་དུས་ལེ་ཅི་བྱུང་བའི་རྟགས་དེ་ལེ་བལྟས་ཏེ་ཧ་མི་གོ་འདུག་གས། 4མི་རབས་འདི་ནི་ངན་པ་དིང་བྱི་བོ་བྱི་མོ་རྒྱུགས་མཁན་པ་རྐྱང་ཡིན་ཕེན། ངོ་མཚར་གྱི་རྟགས་ཤིག་མཐོང་འདོད་འོད་ནའང་། ལུང་སྟོན་པ་ཡོ་ནཱ་ལེ་བྱུང་བའི་རྟགས་དེ་མ་གཏོགས་ཁྱེད་ཀྱ་ཀྱིས་རྟགས་གཞན་མ་ཅི་གང་མཐོང་གྱི་མ་དིག་ཟིན་གསུངས་ཏེ། མི་ཀྱ་དིང་ཁ་བྲལ་ཏེ་ཕ་ལེ་ཕེབས་གནང་པི་དིག
ཕཱ་རུ་ཤི་པ་དིང་སཱ་ཅུ་སེ་པའི་སྐོར།
5ཡང་སློབ་མ་ཀྱ་གྲུ་ལེ་བཞོན་ཏེ་མཚོའི་ཕར་ཀན་ལེ་སླེབས་ཕེན། ཁོང་ཀྱ་ཀྱིས་སྒོར་ཕྱེ་འཁྱེར་རྒྱུ་དྲན་པ་བརྗེད་དི་ཧ་གོ་པི་དིག 6ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། ཁྱེད་ཀྱ་ཀྱིས་བློ་རིག་པ་བསྒྲིམས་ཏེ། ཕཱ་རུ་ཤི་པ་དིང་སཱ་ཅུ་སེ་པའི་སྐྱུར་རྩི་ལེ་དོགས་ཟོན་གྱིས་ཤིག་ཟིན་གསུངས་པི་དིག#16.6 སྐྱུར་རྩི་ཟེར་རི་དེ་ནི་དཔེ་ཞིག་ཡིན་དིག དེའི་དོན་དག་ནི་གཡོ་སྒྱུ་དིང་སྡིག་པའི་ལས་ངན་རིགས་ལེ་ཟེར་རི་དིག 7སློབ་མ་ཀྱ་ཀྱིས་སེམས་པ་ལེ། འུ་ཀྱ་ཀྱིས་སྒོར་ཕྱེ་མ་འཁྱེར་འོད་ཕེན། འོ་དེ་ལེ་བརྟེན་ཏེ། ཁོང་གིས་འོ་དེ་གི་ཟེར་རི་ཡིན་དིག་ཟིན་ཕན་ཚུན་བར་ལེ་ལབ་གླེང་བགྱིད་འོད་ཕེན། 8ཡེ་ཤུས་དོན་དེ་མཁྱེན་ཏེ། ཁྱེད་དད་བསེམས་ཆུང་མ་ཀྱ། ཅི་ལེ་ཁྱེད་ཀྱ་ཀྱིས་ཕན་ཚུན་བར་ལེ་སྒོར་ཕྱེ་འཁྱེར་འོད་མེད་ཀྱི་སྐོར་ལེ་ལབ་གླེང་བགྱིད་དི་ཡིན་དོ། 9ཁྱེད་ཀྱ་ཀྱིས་ད་རུང་ཟང་ཧ་མི་གོ་འདུག་གས། ངས་སྒོར་ཕྱེ་ལྔ་པོ་དེ་མི་སྟོང་ཕྲག་ལྔ་ལེ་བྱིན་དི་མ་ཟད། ཁྱེད་ཀྱ་ཀྱིས་ཟང་ཟས་ལྷག་རྐོན་པ་ཙམ་བསྡུས་པོ་དྲན་པ་མི་འདུག་གས། 10ཡང་ནི། སྒོར་ཕྱེ་བདུན་པོ་དེ་མི་བཞི་སྟོན་ལེ་བྱིན་པི་མ་ཟད། ཁྱེད་ཀྱ་ཀྱིས་ཟང་ཟས་ལྷག་རྐོན་པ་ཙམ་བསྡུས་པོ་དེ་ཟང་དྲན་པ་མི་འདུག་གས། 11ངས་ཁྱེད་ཀྱ་ལེ་ཕཱ་རུ་ཤི་པ་དིང་སཱ་ཅུ་སེ་པའི་སྐྱུར་རྩི་ལེ་དོགས་ཟོན་གྱིས་ཤིག་ཟེར་རི་དོན་དེ་ནི། སྒོར་ཕྱེའི་སྐོར་ལེ་ཟེར་རི་མན་དི་ཧ་མི་གོ་འདུག་གས། ཕཱ་རུ་ཤི་པ་དིང་སཱ་ཅུ་སེ་པའི་སྐྱུར་རྩི་ལེ་དོགས་ཟོན་གྱིས་ཤིག་ཟིན་གསུངས་པི་དིག 12དེ་ནས་སློབ་མ་ཀྱ་ཀྱིས་ཁོང་གིས་སྐྱུར་རྩི་སྐོར་ལེ་མ་གསུངས་ཏེ། ཕཱ་རུ་ཤི་པ་དིང་སཱ་ཅུ་སེ་པའི་བསྟན་པའི་བསླབ་བྱ་ལེ་དོགས་ཟོན་གྱིས་ཤིག་ཟིན་གསུངས་པི་དེ་ཧ་གོ་ཐུབ་པི་དིག
པེ་ཏྲོ་ཁོས་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་དི་ཁས་ལེན་བྱས་པ།
13དེ་ནས་ཡང་ཡེ་ཤུ་དིང་སློབ་མ་ཀྱ། ཀེ་སར་ཡཱ་ཕི་ལིབ་ཕེ་ཟེར་རི་རྒྱལ་སའི་ཉེ་འགྲམ་གྱི་ཡུལ་ལེ་ཕེབས་རྒྱ། ཁོང་གིས་རང་གི་སློབ་མ་ཀྱ་ལེ། མི་ཀྱ་ཀྱིས་མིའི་བི་ས་དེ་སུ་ཡིན་དིག་ཟིན་འདུག་གོ་ཟིན་སྐད་ཆ་དྲིས་ཏེ། 14སློབ་མ་ཀྱ་ཀྱིས་ཁོང་ལེ། ཁྱེད་རང་ནི། ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་ཡིན་དིག་ཟིན་འདུག ཡང་མི་ལ་ལས་ཁྱེད་རང་ནི། ལུང་སྟོན་པ་ཨེ་ལི་ཡཱ་ཡིན་དིག་ཟིན་འདུག ཡང་ཁ་ཤས་ཁྱེད་རང་ནི། སྔར་སྔ་མོའི་ལུང་སྟོན་པ་ཀྱ་ནང་ནས་ཡེ་རེམ་ཡཱ་ཟེར་མཁན་དེ་ཡང་དང་གསོན་པོ་ལངས་པི་ཡིན་དིག་ཟིན་འདུག་ཟིན་ཞུས་པི་དིག 15ཡང་ཁོང་གིས་སློབ་མ་ཀྱ་ལེ། འོ་ནེ། ཁྱེད་ཀྱ་ཀྱིས་ང་སུ་ཡིན་དིག་ཟིན་འོད་དོ་ཟིན་གསུངས་ཕེན། 16སི་མོན་པེ་ཏྲོ་ཁོས་ཡེ་ཤུ་ལེ། ཁྱེད་རང་ནི་སྐྱབས་མགོན་དིང་དུས་གཏན་དུ་བཞུགས་མཁན་དཀོན་མཆོག་གི་སྲས་ཡིན་དིག་ཟིན་ཞུས་པི་དིག 17ཡང་ཡེ་ཤུས་པེ་ཏྲེ་ལེ། ཡོ་ནཱའི་བི་ས་སི་མོན་ཁྱོད་བདེ་བ་ཆེའོ། ཅི་ལེ་ཟེར་ནི། མིའི་བརྒྱུད་ནས་དོན་དེ་བསྟན་གནང་པི་མ་དིག ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱིས་ཁྱོད་ལེ་བསྟན་གནང་པི་དིག 18ཡང་ང་ཁྱོད་ལེ་ཟེར་རོ། པེ་ཏྲོ་ཁྱོད་ནི་བྲག་ཡིན་ཕེན། བྲག་གི་ལྟག་ག་ལེ་ངའི་ཆོས་ཚོགས་དེ་རྩིག་གྱི་ཡིན། ཤི་དམྱལ་ལི་ནུས་མཐུ་ཟང་ཆོས་ཚོགས་འདི་ལེ་རྒྱལ་གྱི་མ་དིག 19ངས་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ཀྱི་ལྡེ་མིག་དེ་ཁྱོད་ལེ་སྟེར་གྱི་ཡིན། ཁྱོད་ཀྱིས་ས་སྟེང་ལེ་ཅི་བསྡམས་པི་དེ་ནི། དཀོན་མཆོག་གི་ཞིང་ཁམས་ལེ་ཟང་བསྡམས་ཀྱི་དིག ཁྱོད་ཀྱིས་ས་སྟེང་ལེ་ཅི་འགྲོལ་ལི་དེ་ཟང་། དཀོན་མཆོག་གི་ཞིང་ཁམས་ལེ་འགྲོལ་གྱི་དིག་ཟིན་གསུངས་པི་རྗེས་ལེ། 20ཁོང་གིས་སློབ་མ་ཀྱ་ལེ། ང་ནི་སྐྱབས་མགོན་ཡིན་དི་སྐོར་མི་གཞན་ལེ་ཟེར་མི་ཆོག་འོད་ཟིན་ནན་ཏན་བྱས་ཏེ་བཀའ་གནང་པི་དིག
ཁོང་རང་དགྲོང་རྒྱུ་ཡིན་དི་སྐོར་ལེ་ལུང་བསྟན་པ།
21དུས་དེ་ནས་ཕྱིན་ཆད། ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། ང་ཡེ་རུ་ས་གླིང་ལེ་འགྲོ་དགོས་འོད་དི་མ་ཟད། ཡ་ཧུ་དཱ་པའི་རྒན་མི་ཀྱ་དིང་། མཆོད་པ་འབུལ་མཁན་ཀྱ། ཡང་ཆོས་ཁྲིམས་མཁས་པ་ཀྱ་ཀྱིས་ཁོང་རང་ལེ་སྡུག་པོ་མང་པོ་གཏོང་གི་མ་ཟད། ཁོང་རང་གསོད་ཀྱི་དིག ཡང་ཉིན་མ་གསུམ་པ་ལེ་ཁོང་རང་འཆི་བ་ནས་ཡང་དང་གསོན་གྱི་དིག་ཟིན་གསལ་པོ་བྱས་ཏེ་བཤད་དི་དིག 22དེ་ནས་པེ་ཏྲོ་ཁོས་དེ་ཐོས་ལོང་མེད་ཡེ་ཤུ་ཟུར་ལེ་ཁྲིད་དེ། ཇོ་བོ། ཁྱེད་ལེ་དེ་གི་འོང་ག་ན་སྲིད་རྒྱུ། དུས་ནམ་ཟང་འོང་སྲིད་ཀྱི་མ་དིག་ཟིན་ཁོང་ལེ་འཁྲུག་པ་བཙལ་ལི་དིག 23ཡིན་ནའང་། ཡེ་ཤུས་ཞལ་ཚུར་བསྐོར་ཏེ། པེ་ཏྲོ་ལེ། བདུད་སཱ་ཏན་ཅོག་འདྲ་ཁྱོད། ངའི་མིག་གིས་མཐོང་ས་མ་སྡོད། ཁྱོད་ཀྱི་བསམ་བློ་དཀོན་མཆོག་གི་དགོངས་པ་ཅོག་འདྲ་མེད་དིག མིའི་འདོད་པའི་སྐོར་ལེ་པ་རྐྱང་བགྱིད་འོད་ཕེན། ཁྱོད་ངའི་འགག་རྡོ་ཡིན་ཟིན་གསུངས་པི་དིག 24ཡང་ཁོང་གིས་སློབ་མ་ཀྱ་ལེ། གལ་སྲིད་མི་སུ་ཞིག་ཡིན་ནའང་། ངའི་རྗེས་ལེ་འབྲང་འདོད་འོད་ནི། རང་སོ་སོའི་འདོད་པ་དེ་སྤངས་ཏེ། རང་གི་གདུང་མ་ཀུ་རུ་ཁ་དེ་འཁུར་ཏེ་ངའི་རྗེས་ལེ་འབྲང་དགོས་འོད་དིག 25ཅི་ལེ་ཟེར་ནི། མི་སུས་རང་གི་སྲོག་སྐྱོབ་འདོད་མཁན་དེ་རང་སྲོག་ཤོར་རི་དིང་། ཡང་མི་སུ་ཞིག་གིས་ངའི་དོན་དུ་སྲོག་བློས་གཏོང་མཁན་དེ་ལེ། རང་སྲོག་འཐོབ་ཀྱི་དིག 26ཡང་མི་སུ་ཞིག་ལེ་འཇིག་རྟེན་འདི་རྡོག་གེ་ཐོབ་ནའང་། རང་གི་སྲོག་འདི་ཤོར་རི་ཡིན་ནི་ཕན་ཐོགས་ཅི་འདུག་གོ། ཡང་ནི། རང་གི་སྲོག་འདི་དངོས་པོ་རིན་ཆེན་ཅི་གི་ཞིག་དིང་བརྗེ་པོ་རྒྱག་ཐུབ་རྒྱུ། 27མིའི་བི་ས་ནི་རང་གི་ཨ་ཀྱིའི་གཟི་བརྗིད་ཆེན་པོའི་བརྒྱུད་ནས། རང་གི་ཕོ་ཉ་ཀྱ་དིང་སྐྱེན་ལེ་འོང་རྒྱ། ཁོང་གིས་མི་རེ་རེ་བྱས་ཏེ། རང་གི་ཅི་བྱས་པའི་ལས་དེ་ལེ་མཐུན་པའི་ལན་གནང་གྱི་དིག 28ང་ཁྱེད་ཀྱ་ལེ་བདེན་པར་ཟེར་རོ། འདི་རུ་འོད་ཡོད་མི་ཀྱ་ཀྱི་ནང་ནས་ཁ་ཤས་ཀྱིས་མིའི་བི་ས་ཁོང་གིས་རང་གི་རྒྱལ་ཁབ་དབང་འཛིན་བགྱིད་དུ་འོང་གི་མ་མཐོང་བར་དུ་རྩ་བ་ནས་ཤི་རྒྱུ་མ་དིག་ཟིན་གསུངས་པི་དིག །
လက္ရွိေရြးခ်ယ္ထားမွု
མད་ཐཱ། 16: DLPO
အေရာင္မွတ္ခ်က္
မၽွေဝရန္
ကူးယူ
မိမိစက္ကိရိယာအားလုံးတြင္ မိမိအေရာင္ခ်ယ္ေသာအရာမ်ားကို သိမ္းဆည္းထားလိုပါသလား။ စာရင္းသြင္းပါ (သို႔) အေကာင့္ဝင္လိုက္ပါ
© 2023 Wycliffe Bible Translators, Inc. All rights reserved.