མད་ཐཱ། 1

1
ལེའུ་དང་པོ།
སྐྱབས་མགོན་ཡེ་ཤུའི་རིགས་རྒྱུད།
1མེས་མེས་ཨབ་ར་ཧམ་གྱི་བུ་རྒྱུད་ནས་རྒྱལ་པོ་དཱ་བིད་བྱུང་པི་དིག རྒྱལ་པོ་དཱ་བིད་ཀྱི་བུ་རྒྱུད་ནས་སྐྱབས་མགོན་ཡེ་ཤུ་བྱུང་པི་དིག 2ཡང་ཨབ་ར་ཧམ་ནི་ཨི་སཱག་ཟེར་མཁན་གྱི་ཨ་ཀྱི་ཡིན་དིག ཨི་སཱག་ནི་ཡ་ཀོབ་ཀྱི་ཨ་ཀྱི་ཡིན་དིག ཡ་ཀོབ་ནི་ཡུ་དཱ་དིང་ཁོའི་ཨ་ཇོ་ཀྱ་དིང་ནུ་བོ་ཀྱ་ཀྱི་ཨ་ཀྱི་ཡིན་དིག 3ཡུ་དཱ་དིང་ཁོའི་བུད་མེད་ཐཱ་མཱར་ཟེར་མཁན་དེ་ནི། པེ་རེ་ཟི་དིང་ཛཱེ་རཱ་ཟེར་མཁན་གྱི་ཕ་མ་ཡིན་དི་དིང༌། པེ་རེ་ཟི་ཁོ་རང་ནི། ཧེ་ཟི་རོན་གྱི་ཨ་ཀྱི་ཡིན་དིག ཧེ་ཟི་རོན་ནི། རམ་གྱི་ཨ་ཀྱི་ཡིན་དིག 4རམ་ནི། ཨ་མི་ན་དབ་ཀྱི་ཨ་ཀྱི་ཡིན་དིག ཨ་མི་ན་དབ་ནི། ནཱ་སོན་གྱི་ཨ་ཀྱི་ཡིན་དིག ནཱ་སོན་ནི། སལ་མོན་གྱི་ཨ་ཀྱི་ཡིན་དིག 5སལ་མོན་དིང་ཁོའི་བུད་མེད་ར་ཧབ་ནི། པོ་ཨ་ཟི་ཟེར་མཁན་གྱི་ཨ་ཀྱི་ཡིན་དིག པོ་ཨ་ཟི་དིང་ཁོའི་བུད་མེད་རུད་ནི། ཨོ་པེད་ཀྱི་ཨ་ཀྱི་ཡིན་དི་དིང༌། ཨོ་པེད་ནི། ཡེ་སེ་ཀྱི་ཨ་ཀྱི་ཡིན་དིག 6ཡེ་སེ་ནི། རྒྱལ་པོ་དཱ་བིད་ཀྱི་ཨ་ཀྱི་ཡིན་དིག དཱ་བིད་དིང་ཨུ་རི་ཡཱ་ཡི་བུ་མེད་ནི། རྒྱལ་པོ་སོ་ལོ་མོན་གྱི་ཨ་ཀྱི་ཡིན་དི་དིང༌། 7སོ་ལོ་མོན་ནི། རེ་ཧབ་ཨམ་གྱི་ཨ་ཀྱི་ཡིན་དིག རེ་ཧབ་ཨམ་ནི། ཨ་བི་ཡཱ་ཨ་ཀྱི་ཡིན་དིག ཨ་བི་ཡཱ་ནི། ཨ་སཱ་ཨ་ཀྱི་ཡིན་དིག 8ཨ་སཱ་ནི། ཡེ་ཧོ་ཤ་ཕད་ཀྱི་ཨ་ཀྱི་ཡིན་དིག ཡེ་ཧོ་ཤ་ཕད་ནི། ཡོ་རཱམ་གྱི་ཨ་ཀྱི་ཡིན་དི་དིང་། ཡོ་རཱམ་ནི་ཨུ་ཟི་ཡཱ་ཀྱི་ཨ་ཀྱི་ཡིན་དིག 9ཨུ་ཟི་ཡཱ་ནི། ཡོ་ཐམ་གྱི་ཨ་ཀྱི་ཡིན་དི་དིང༌། ཡོ་ཐམ་ནི། ཨ་ཧ་ཟི་ཀྱི་ཨ་ཀྱི་ཡིན་དིག ཨ་ཧ་ཟི་ནི། ཧེ་ཟེ་ཀི་ཡཱ་ཀྱི་ཨ་ཀྱི་ཡིན་དིག 10ཧེ་ཟེ་ཀི་ཡཱ་ནི། མཱ་ན་ཟེ་ཀྱི་ཨ་ཀྱི་ཡིན་དིག མཱ་ན་ཟེ་ནི། ཨ་མོ་ཟི་ཀྱི་ཨ་ཀྱི་ཡིན་དི་དིང་། ཨ་མོ་ཟི་ནི། ཡོ་ཟི་ཡཱ་ཀྱི་ཨ་ཀྱི་ཡིན་དིག 11ཡ་ཧུ་དཱ་པའི་མི་རིགས་ཀྱི་སྦ་བི་ལོན་ཟེར་རི་རྒྱལ་ས་ལེ་ཕྱིར་འབུད་གཏོང་རྒྱ། ཡོ་ཟི་ཡཱ་ནི། ཡེ་ཀོ་ནི་ཡཱ་དིང་ཁོའི་ནུ་བོ་ཀྱ་ཀྱི་ཨ་ཀྱི་ཡིན་དིག 12སྦ་བི་ལོན་བཙན་ཁྲིད་བྱས་པི་རྗེས་ལེ། ཡེ་ཀོ་ནི་ཡཱ་ནི། ཤེ་ཨལ་ཐི་ཨེལ་གྱི་ཨ་ཀྱི་ཡིན་དི་དིང་། ཤེ་ཨལ་ཐི་ཨེལ་ནི། བཟེ་རུ་པ་པེལ་གྱི་ཨ་ཀྱི་ཡིན་དིག 13བཟེ་རུ་པ་པེལ་ནི། ཨ་སྦི་ཧུད་ཀྱི་ཨ་ཀྱི་ཡིན་དི་དིང་། ཨ་སྦི་ཧུད་ནི། ཨེལ་ཡ་ཀིམ་གྱི་ཨ་ཀྱི་ཡིན་དི་དིང་། ཨེལ་ཡ་ཀིམ་ནི། ཨ་ཟོར་གྱི་ཨ་ཀྱི་ཡིན་དིག 14ཨ་ཟོར་ནི། ཟཱ་དོག་གི་ཨ་ཀྱི་ཡིན་དིག ཟཱ་དོག་ནི། ཨ་ཀིམ་གྱི་ཨ་ཀྱི་ཡིན་དི་དིང་། ཨ་ཀིམ་ནི། ཨེ་ལི་ཧུད་ཀྱི་ཨ་ཀྱི་ཡིན་དིག 15ཨེ་ལི་ཧུད་ནི། ཨེ་ལི་ཨ་ཟར་གྱི་ཨ་ཀྱི་ཡིན་དིག ཨེ་ལི་ཨ་ཟར་ནི། མཱ་ཐན་གྱི་ཨ་ཀྱི་ཡིན་དི་དིང་། མཱ་ཐན་ནི། ཡ་ཀོབ་ཀྱི་ཨ་ཀྱི་ཡིན་དིག 16ཡ་ཀོབ་ནི། མིར་ཡམ་གྱི་ཁྱོ་ག་ཡོ་སེབ་ཀྱི་ཨ་ཀྱི་ཡིན་དི་དིང་། མིར་ཡམ་ནི། སྐྱབས་མགོན་ཡེ་ཤུའི་ཡུམ་ཡིན་དིག 17འོ་འདི་གི་བྱས་ཏེ། མེས་མེས་ཨབ་ར་ཧམ་ནས་བྱས་ཏེ་རྒྱལ་པོ་དཱ་བིད་བར་དུ་མི་རབས་བཅུ་བཞི་བྱུང་པི་དིག ཡང་རྒྱལ་པོ་དཱ་བིད་ནས་ཡ་ཧུ་དཱ་པའི་མི་རིགས་ཀྱ། སྦ་བི་ལོན་ལུང་པ་ལེ་ཕྱིར་འབུད་བཏང་བའི་བར་དུ། མི་རབས་བཅུ་བཞི་བྱུང་འོད་དིག ཡང་དུས་དེ་ནས་ཕེན་སྐྱབས་མགོན་ཡེ་ཤུ་འཁྲུང་བའི་བར་དུ་མི་རབས་བཅུ་བཞི་འོད་དིག
སྐྱབས་མགོན་ཡེ་ཤུ་འཁྲུངས་པའི་སྐོར།
18ད་སྐྱབས་མགོན་ཡེ་ཤུ་འཁྲུངས་པའི་ལོ་རྒྱུད་སྐོར་ལེ་བཤད་ནི། ཁོང་གི་ཡུམ་མིར་ཡམ་དིང་ཡོ་སེབ་གཉིས་སློང་ཆང་བཏང་ཚར་རི་དིག ཡིན་ནའང་། ཁོ་གཉིས་སྐྱེན་ལེ་མ་བསྡད་དི་སྔོན་ལེ། དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་བརྒྱུད་ནས་རང་ལེ་སྐྱེས་རྒྱུ་འོད་དི་མིར་ཡམ་གྱིས་ཧ་གོ་པི་དིག 19ཡིན་ནའང་། ཡོ་སེབ་ནི་མི་བཟང་པོ་ཞིག་ཡིན་ཕེན། ཁོས་མིར་ཡམ་ལེ། མིང་རྗེས་ངན་པ་མ་བཟོས་ཏེ། ཁུ་སིམ་པོ་བྱས་ཏེ་ཁ་འབྲལ་གོ་བསམས་པི་དིག 20ཁོས་འོ་འདི་གི་བསམ་བློ་གཏོང་རྒྱ། ཇོ་བོའི་ཕོ་ཉ་ཞིག་གིས་ཁོའི་རྨི་ལམ་ནང་ལེ་ཕེབས་ཏེ། དཱ་བིད་ཀྱི་རྒྱུད་པའི་བི་ས་ཡོ་སེབ། ཁྱོད་ཀྱིས་མིར་ཡམ་རང་གི་མནའ་མ་ལེན་རྒྱུ་ལེ་འཁྱར་སྣང་མ་བགྱིད་ཅིག མོ་ལེ་སྐྱེས་རྒྱུ་འོད་ཡོད་དེ་ནི་དམ་པའི་ཐུགས་ཉིད་ཀྱི་བརྒྱུད་བྱུང་པི་དིག 21མོ་ལེ་སྲས་ཤིག་འཁྲུང་གྱི་དིག སྲས་འདིའི་མཚན་ལེ་ཡེ་ཤུ་ཟིན་ཐོགས་ཤིག ཅི་ལེ་ཟེར་ནི། སྲས་དེས་རང་གི་མི་རིགས་ཀྱ་སྡིག་པ་ནས་ཐར་བ་གནང་གྱི་དིག་ཟིན་གསུངས་པི་དིག 22དོན་དེ་ཡེ་རེ་ནི་ཇོ་བོ་དཀོན་མཆོག་གིས་ལུང་སྟོན་པ་བརྒྱུད་ནས་གསུངས་པི་དེ་སྒྲུབ་རྒྱུ་ཆེད་དུ་ཡིན་དིག
23ལྟོས་དང་། ན་ཆུང་ཤ་གསར་ལེ་སྲས་ཤིག་འཁྲུང་། །
ཁོང་གི་མཚན་ལེ་ཨིམ་མ་ནུ་ཨེལ་ཟིན་འབོད་ཀྱི་དིག །
ཟིན་བྲིས་འོད་དིག ཨིམ་མ་ནུ་ཨེལ་ཟེར་རི་དོན་དེ་ནི། དཀོན་མཆོག་འུའི་སྐྱེན་ལེ་བཞུགས་འོད་ཟེར་རི་དིག#1.23 ཚིགས་བཅད་འདི་ནི་ལུང་སྟོན་པ་ཨི་ཤ་ཡཱས་བྲིས་པའི་མདོ་ལེའུ་ 7 ཨང་ 14 ནང་ལེ་གཟིགས་རོགས། 24དེ་ནས་ཡོ་སེབ་གཉིད་སད་དི་རྗེས་ལེ། ཇོ་བོ་དཀོན་མཆོག་གི་ཕོ་ཉས་གནང་བའི་བཀའ་ཅོག་འདྲ། མིར་ཡམ་མནའ་མ་ལེ་བླངས་པི་དིག 25ཡིན་ནའང་། སྲས་མ་འཁྲུངས་པའི་བར་དུ་ཡོབ་སེབ་ཀྱིས་མིར་ཡམ་དིང་སྐྱེན་ལེ་ལུས་ཀྱི་འབྲེལ་བ་མ་བྱས་པི་དིག སྲས་དེའི་མཚན་ལེ་ཡེ་ཤུ་ཟིན་བཏགས་པི་དིག །

ప్రస్తుతం ఎంపిక చేయబడింది:

མད་ཐཱ། 1: DLPO

హైలైట్

షేర్ చేయి

కాపీ

None

మీ పరికరాలన్నింటి వ్యాప్తంగా మీ హైలైట్స్ సేవ్ చేయబడాలనుకుంటున్నారా? సైన్ అప్ చేయండి లేదా సైన్ ఇన్ చేయండి