1
ཡོ་ཧ་ནན། 12:26
New Tibetan Bible བོད་འགྱུར་གསར་མ།
ཡང་སུ་ཞིག་གིས་བདག་ལ་ཞབས་ཕྱི་བྱེད་འདོད་པ་རྣམས་བདག་གི་རྗེས་སུ་འབྲང་བར་གྱིས། ང་རང་གང་དུ་ཡོད་ན་བདག་གི་ཞབས་ཕྱི་པའང་གནས་དེ་རུ་ཡོད་པར་འགྱུར་རོ།། ཡང་སུ་ཞིག་གིས་བདག་ལ་ཞབས་ཕྱི་བྱེད་འདོད༌ན། བདག་གི་ཡབ་ཀྱིས་ཀྱང་མི་དེ་ལ་བཀུར་སྟི་མཛད་ངེས་སོ།།
Lee anya n'etiti ihe abụọ
Nyochaa ཡོ་ཧ་ནན། 12:26
2
ཡོ་ཧ་ནན། 12:25
འཇིག་རྟེན་འདིར་སུ་ཞིག་གིས་རང་སྲོག་གཅེས་སུ་འཛིན་པ་དེས་ཚེ་སྲོག་འཆོར་བ༌དང༌། སུ་ཞིག་གིས་རང་སྲོག་འདོར་བ་དེས་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར་རང་སྲོག་སྐྱོབ་པར་འགྱུར་རོ།།
Nyochaa ཡོ་ཧ་ནན། 12:25
3
ཡོ་ཧ་ནན། 12:24
བདག་གིས་ཁྱོད་ཅག་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། གྲོའི་འབྲུ་རྡོག་གཅིག་ལ་མཚོན༌ན། སའི་ནང་དུ་ལྷུང་ནས་མ་ཤི་ན་འབྲུ་རྡོག་གཅིག་རང་ལུས༌ཤིང་། སའི་ནང་དུ་ལྷུང་སྟེ་ཤི་བ༌ན། འབྲུ་རྡོག་དེ་ལས་ཀྱང་འབྲས་བུ་མང་པོ་བསྐྱེད༌པ་ཡིན།
Nyochaa ཡོ་ཧ་ནན། 12:24
4
ཡོ་ཧ་ནན། 12:46
ང་རང་འོད་ཟེར་བཞིན་འཇིག་རྟེན་དུ་འོངས་དོན་ནི་བདག་ལ་དད་མཁན་རྣམས་མུན་པའི་ནང་དུ་མི་ལུས་པའི་ཕྱིར༌རོ།།
Nyochaa ཡོ་ཧ་ནན། 12:46
5
ཡོ་ཧ་ནན། 12:47
ཡང་བདག་གི་བཀའ་སུ་ཞིག་གིས་ཐོས་ཀྱང་དེ་ལྟར་མི་བསྒྲུབ༌ན། ངས་མི་དེ་ལ་ཉེས་ཆད་མི་གཅོད༌དེ། ང་རང་ནི་འཇིག་རྟེན་གྱི་མི་ཐམས་ཅད་སྐྱོབ་པར་བྱེད་པ་ལས་ཉེས་ཆད་གཅོད་དུ་འོངས་པ་མ་ཡིན།
Nyochaa ཡོ་ཧ་ནན། 12:47
6
ཡོ་ཧ་ནན། 12:3
དེ་ནས་མིར་ཡམ་གྱིས་རིན་ཐང་ཆེ་བའི་སྤོས་ཆུ་ལྷད་མེད་པ་ནཱར་དི་རྒྱ་མ་གང་ཙམ་ཁྱེར་ཡོང༌ནས། སྐྱབས་མགོན་ཡེ་ཤུའི་ཞབས་ལ་བྱུགས་ཤིང་རང་གི་སྐྲས་ཕྱིས་པ༌ན། ཁང་པའི་ནང་དུའང་སྤོས་ཆུའི་དྲི་ཞིམ་ཁྱབ་པ་རེད།
Nyochaa ཡོ་ཧ་ནན། 12:3
7
ཡོ་ཧ་ནན། 12:13
ཤིང་ཏ་ལའི་ཡལ་ག་ཁུར་ཏེ་ཁོང་ཉིད་བསུ་རུ་སོང་ཞིང་སྐད་མཐོན༌པོས། ཧོ་ཟན༌ནཱ། ཡེས་ར་ཨེལ་གྱི་རྒྱལ་པོ་སྟེ། གཙོ་བོའི་མཚན་གྱི་སྒོ་ནས་བྱོན་པ་ནི་བྱིན་རླབས་ཅན་ཡིན་ཞེས་ཡང་ཡང་བསྒྲགས་སོ།།
Nyochaa ཡོ་ཧ་ནན། 12:13
8
ཡོ་ཧ་ནན། 12:23
དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མིའི་བུ་གཟི་བརྗིད་དང་ལྡན་པར་འགྱུར་བའི་དུས་དེ་སླེབས་བྱུང་།
Nyochaa ཡོ་ཧ་ནན། 12:23
Ebe Mmepe Nke Mbụ Nke Ngwá
Akwụkwọ Nsọ
Atụmatụ Ihe Ogụgụ Gasị
Vidiyo Gasị