དེ་ནས་སྐྱབས་མགོན་ཡེ་ཤུ་ཡར་ལངས་ནས་བུད་མེད་དེ་ལ་འདི་སྐད༌དུ། བུད་མེད། མི་དེ་རྣམས་གང་དུ་སོང༌ངམ། སུས་ཀྱང་ཁྱོད་ལ་ཉེས་ཆད་མ་བཅད་དམ་ཞེས་གསུངས་པ༌ལ། བུད་མེད་ན༌རེ། ཇོ་བོ༌ལགས། བདག་ལ་ཉེས་ཆད་མ་བཅད་ཅེས་ཞུས་སོ།། དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རང་ཕྱིར་སོང༌དང༌། བདག་གིས་ཀྱང་ཁྱོད་ལ་ཉེས་ཆད་གཅོད་པར་མི༌བྱའོ།། ཁྱོད་ཀྱིས་དེང་ཕྱིན་སྡིག་པ་མ་བྱེད་ཅིག་ཅེས་གསུངས༌སོ།།