ལོ་ཀུ 17:26-27
ལོ་ཀུ 17:26-27 NTB
ནོ་ཨའི་དུས་སུ་ཇི་ལྟར་བྱུང་བ༌བཞིན། མིའི་བུ་ཡི་དུས་སུའང་དེ་ལྟར་འབྱུང་བ༌སྟེ། ནོ་ཨ་གྲུ་གཟིངས་ཀྱི་ནང་དུ་ཞུགས་པའི་ཉིན་མོའི་བར༌དུ། མི་རྣམས་ཀྱིས་ད་དུང་བཟའ་བཏུང་ལ་རོལ་བ་དང་བག་མ་ཚུར་ལེན་ཕར་བསྐྱལ་བྱས༌ཤིང༌། ཆུ་ལོག་ཆེན་པོ་བྱུང་སྟེ་མི་ཐམས་ཅད་མེད་པར་བཏང༌ངོ་།།