Kisary famantarana ny YouVersion
Kisary fikarohana

ཡོ་ཧ་ནན། 1

1
ལེའུ་དང་པོ།
དཀོན་མཆོག་མིའི་ལུས་ནས་ཕེབས་གནང་བ།
1ཐོག་མ་བཀའ་འོད་དི་དིང་། བཀའ་དེ་ནི་དཀོན་མཆོག་དིང་སྐྱེན་ལེ་བཞུགས་འོད་དིག བཀའ་དེ་ནི་དཀོན་མཆོན་ཁོང་རང་ཡིན་དིག 2བཀའ་དེ་ནི་ཐོག་མ་དཀོན་མཆོག་དིང་སྐྱེན་ལེ་བཞུགས་འོད་དིག 3བཀའ་དེའི་བརྒྱུད་ནས་ཅི་འོད་ཡོད་ཡེ་རེ་བཀོད་གནང་པི་དིང་། བཀའ་དེ་མེད་དི་ཅི་གང་བཀོད་མ་གནང་པི་དིག 4ཁོང་གི་ནང་ལེ་དུས་མཐའ་མེད་པའི་ཚེ་སྲོག་འོད་དི་དིང་། ཚེ་སྲོག་དེ་ནི་མི་ཡེ་རེའི་འོད་ཟེར་ཡིན་དིག 5འོད་ཟེར་དེ་ནི་མུན་ནག་གི་ནང་ལེ་ཤར། མུན་ནག་གིས་འོད་ཟེར་དེ་ལེ་མནན་མ་ཐུབ་པི་དིག 6དཀོན་མཆོག་གིས་མི་ཞིག་བརྫངས་པི་དིག ཁོའི་མིང་ལེ་ཡོ་ཧ་ནན་ཟིན་འོད་དིག 7ཁོའི་བརྒྱུད་ནས་མི་ཡེ་རེས་འོད་ཟེར་དེ་ལེ་དད་པ་བགྱིད་རྒྱུ་ཆེད་དུ། ཁོ་རང་ནི་འོད་ཟེར་དེ་ལེ་དཔང་པོ་བགྱིད་དུ་འོངས་པི་དིག 8ཁོ་རང་ནི་འོད་ཟེར་དེ་མ་དིག འོད་ཟེར་དེ་ལེ་དཔང་པོ་བགྱིད་རྒྱུ་ཆེད་དུ་འོངས་པི་དིག 9མི་ཡེ་རེ་ལེ་འོད་ཟེར་གནང་རྒྱུ་ཆེད་དུ། བདེན་པའི་འོད་ཟེར་དེ་འཇིག་རྟེན་འདི་རུ་ཕེབས་གནང་པི་དིག 10ཁོང་འཇིག་རྟེན་འདི་རུ་བཞུགས་ཏེ། ཁོང་གི་བརྒྱུད་ནས་འཇིག་རྟེན་བཀོད་གནང་པི་དིག ཡིན་ནའང་། འཇིག་རྟེན་གྱི་མི་ཀྱ་ཀྱིས་ཁོང་ངོ་མ་ཤེས་པི་དིག 11ཁོང་ནི་རང་གི་ཡུལ་ལེ་ཕེབས་ནའང་། རང་གི་ཡུལ་མི་ཀྱ་ཀྱིས་ཁོང་ལེ་ཕེབས་བསུ་མ་ཞུས་པི་དིག 12ཡིན་ནའང་། མི་སུ་ཞིག་གིས་ཁོང་ལེ་ཕེབས་བསུ་ཞུས་ཏེ། ཁོང་གི་མཚན་ལེ་དད་པ་བྱས་ནི། ཁོང་གིས་མི་དེ་ཀྱ་ལེ་དཀོན་མཆོག་གི་སྲས་དིང་སྲས་མོ་འོང་རྒྱུ་དབང་ཆ་གནང་པི་དིག 13མི་དེ་ཀྱ་ནི་ཨ་མའི་ལུས་ནས་སྐྱེས་པི་མ་དིག ཡང་མིའི་འདོད་ཆགས་དབང་དིང་། ཁྱོ་གའི་བསམ་ཚུལ་ཅོག་འདྲ་སྐྱེས་པི་ཟང་མ་དིག དེ་ནི་དཀོན་མཆོག་ནས་སྐྱེས་པི་དིག
14བཀའ་དེ་ནི་མིའི་ཤ་རུས་ལེ་འགྱུར་ཏེ། ཐུགས་རྗེ་གཟིགས་སྐྱོང་དིང་བདེན་པ་གཉིས་ཀྱིས་གང་སྟེ། འུའི་སྐྱེན་ལེ་བཞུགས་གནང་པི་དིག ཁོང་གི་གཟི་བརྗིད་ཡབ་ཆེན་ནས་བྱུང་པའི་སྲས་གཅིག་པོ་ཁོང་གི་གཟི་བརྗིད་དེ་འུ་ཀྱ་ཀྱིས་མངོན་སུམ་དུ་མཐོང་པི་དིག 15ཡོ་ཧ་ནན་གྱིས་ངའི་རྗེས་ལེ་ཕེབས་འོང་མཁན་ཁོང་ནི། ངའི་སྔོན་ལེ་བཞུགས་འོད་ཕེན། ང་ལས་ཆེ་བ་ཡིན་དི་མ་ཟད། ངས་སྔོན་མ་སྨྲས་པའི་སྐྱེས་བུ་དེ་ནི། ཁོང་རང་ཡིན་དིག་ཟིན་ཁོང་གི་སྐོར་ལེ་གསུང་སྐད་ཆེན་པོས་ངང་ནས་དཔང་པོ་བྱས་པི་དིག 16ཁོང་གི་ཕུན་སུམ་ཚོགས་པོ་དེའི་བརྒྱུད་ནས་འུ་ཡེ་རེ་ལེ་ཐུགས་རྗེ་གཟིགས་སྐྱོང་ཡང་ནས་ཡང་དུ་ཐོབ་པི་དིག 17ཅི་ལེ་ཟེར་ནི། དཀོན་མཆོག་གིས་ལུང་སྟོན་པ་མོ་ཤེའི་བརྒྱུད་ནས་ཡ་ཧུ་དཱ་པ་ཀྱ་ལེ་ཆོས་ཁྲིམས་གནང་པི་དིག ཡིན་ནའང་། ཐུགས་རྗེ་གཟིགས་སྐྱོང་དིང་བདེན་པ་དེ་ནི། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་བྱུང་པི་དིག 18མི་སུ་ཞིག་གིས་ཟང་དཀོན་མཆོག་རྩ་བ་ནས་མཐོང་མེད་དིག ཡབ་དཀོན་མཆོག་གི་དྲུང་དུ་བཞུགས་མཁན་སྲས་གཅིག་རང་གིས་འཇིག་རྟེན་ཀུན་ལེ། ཡབ་ཀྱི་སྐོར་ལེ་གསལ་པོ་བྱས་ཏེ་བསྟན་གནང་པི་དིག
ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱིས་ཡེ་ཤུའི་སྐོར་ལེ་དཔང་པོ་བྱས་པ།
19ཡང་ཡེ་རུ་ས་གླིང་རྒྱལ་ས་ལེ་འོད་ཡོད་ཡ་ཧུ་དཱ་པའི་ཆོས་ཀྱི་དཔོན་རིགས་ཀྱ་ཀྱིས་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཡང་ལེ་ཝི་ཟེར་རི་མཆོད་གཡོག་ཀྱ་ཡོ་ཧ་ནན་འོད་ས་ལེ། ཁྱེད་རང་སུ་ཡིན་དོ་ཟིན་འདྲི་རྒྱུ་ཆེད་དུ་བརྫངས་པི་དིག 20དེ་ནས་ཡོ་ཧ་ནན་གྱིས་སྦ་གསང་ཅི་གང་མེད་དི་དྲང་བདེན་ངང་ནས། ང་ནི་སྐྱབས་མགོན་དེ་མན་ཟིན་དཔང་པོ་བྱས་པི་དིག 21ཡང་མི་དེ་ཀྱ་ཀྱིས། འོ་ནེ། ཁྱེད་རང་སུ་ཡིན་དོ། ཁྱེད་རང་ལུང་སྟོན་པ་ཨེ་ལི་ཡཱ་དེ་ཡིན་དས་ཟིན་དྲིས་ཏེ། ཁོང་གིས་མན་སྨྲས་པི་དིག ཡང་མི་དེ་ཀྱ་ཀྱིས། འོ་ནེ། ཁྱེད་རང་ལུང་སྟོན་པ་ཟེར་མཁན་དེ་ཡིན་དས་ཟིན་དྲིས་ཏེ། ཁོང་གིས་མན་སྨྲས་པི་དིག#1.21 ཚིགས་བཅད་འདིའི་ནང་ལེ་ལུང་སྟོན་པ་ཟེར་མཁན་དེ་ཡིད་དས་ཟེར་རི་དོན་ནི། སྔོན་མ་དཀོན་མཆོག་གིས་ལུང་སྟོན་ཨེ་ལི་ཡཱ་ཟེར་མཁན་ཁོང་རང་ནི། སྐྱབས་མགོན་ཇོ་བོའི་སྔོན་ལེ་རྫོངས་ཀྱི་ཡིན་གསུངས་འོད་དིག ཚིགས་བཅད་འདི་ནི་མཱ་ལ་ཀིས་མདོ་ལེའུ་ 4 ཨང་ 5ནང་ལེ་གཟིགས་རོགས། 22ཡང་མི་དེ་ཀྱ་ཀྱིས། འོ་ནེ། ཁྱེད་རང་སུ་ཡིན་དོ། ཉེད་རྫོངས་མཁན་ཀྱ་ལེ་ལན་རྒྱག་དགོས་འོད། ཁྱེད་རང་སུ་ཡིན་མིན་ཉེད་ལེ་ཤོད་རོགས་སྨྲས་པི་དིག 23དེ་ནས་ཁོང་གིས་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ནང་ལེ་གསུངས་པི་ཅོག་འདྲ།
དབེན་སྟོང་ལུང་པའི་ནང་ནས་བརྒྱབ་པའི་སྒྲ་དེས། །
ཇོ་བོའི་ཕེབས་ལམ་བདེ་མོ་བཟོས་ཤིག་ཟེར་མཁན་དེ། །
ང་ཡིན་ཟིན་སྨྲས་པི་དིག#1.23 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 40 ཨང་ 3 ནང་ལེ་གཟིགས་རོགས། 24དེ་ནས་ཕཱ་རུ་ཤི་པ་ཟེར་རི་ཕྱོགས་ཁག་གིས་བརྫངས་པའི་མི་དེ་ཀྱ་ཀྱིས་ཡོ་ཧ་ནན་ལེ། 25ད་ཁྱེད་རང་སྐྱབས་མགོན་དེ་ཟང་མན་དིག ཡང་ལུང་སྟོན་པ་ཨེ་ལི་ཡཱ་ཟང་མན་དིག ཡང་ལུང་སྟོན་པ་ཟེར་མཁན་དེ་ཟང་མན་དིག འོ་ནེ། ཅིའི་ཆེད་དུ་མི་ཀྱ་ལེ་ཁྲུས་གསོལ་བགྱིད་དི་ཡིན་དོ་ཟིན་དྲིས་ཕེན། 26ཡོ་ཧ་ནན་གྱིས་ངས་མི་ཀྱ་ལེ་ཆུའི་ཁྲུས་གསོལ་བགྱིད་འོད། ཡིན་ནའང་། ཁྱེད་ཀྱ་ཀྱིས་ཁོང་སུ་ཡིན་མིན་ངོ་མི་ཤེས་འོད་ནའང་། སྐྱེས་བུ་དེ་ནི་ཁྱེད་ཀྱ་ཀྱི་ཁྲོད་ལེ་བཞུགས་འོད་དིག 27ཁོང་ནི་ངའི་རྗེས་ལེ་ཕེབས་ནའང་། ང་ནི་ཁོང་གི་ཞབས་ཐིལ་ལེ་ཟང་སླེབ་ཀྱི་མ་དིག་ཟིན་སྨྲས་པི་དིག#1.27 གེ་རིག་ཟེར་ལུགས་ནང་ལེ། རྐང་ཐིལ་ཟིན་མི་ཟེར་འོད་དིག ང་ནི་ཁོང་གི་ལྷམ་སྒྲོག་ཟང་འགྲོལ་མི་འོས་འོད་ཟིན་འོད་དིག 28སྐད་ཆ་འདི་ནི་ཡོ་ཧ་ནན་གྱིས་ཁྲུས་གསོལ་བགྱིད་ས་པེ་ཐན་ཡཱ་ཟེར་རི་ཡོར་དན་གཙང་པོའི་ཕར་ཀན་དུ་སྨྲས་པི་དིག
ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་དི་དཔང་པོ་བྱས་པ།
29ཡང་ཉིན་མ་དེའི་སྔ་དྲོ་ཡོ་ཧ་ནན་གྱིས་རང་གི་མདུན་ལེ་ཡེ་ཤུ་ཕེབས་འོང་གི་མཐོང་སྟེ། ལྟོས་དང་། མི་འདི་ནི་དཀོན་མཆོག་གི་ལུ་གུ་ཡིན་དི་མ་ཟད། འཇིག་རྟེན་མིའི་སྡིག་པ་སེལ་མཁན་ནི་ཁོང་རང་ཡིན་དིག 30ངའི་རྗེས་ལེ་ཕེབས་མཁན་ནི། ངའི་སྔོན་ལེ་འོད་ཕེན། ང་ལས་ཟང་ཆེ་བ་ཡིན་དིག་ཟིན་ངས་དེ་སྔོན་སྨྲས་པའི་སྐྱེས་བུ་དེ་ནི་ཁོང་རང་ཡིན་དིག 31ངས་ཁོང་ངོ་མི་ཤེས་འོད། ཡིན་ནའང་། ཡི་སི་ར་ཨེལ་པ་ཀྱ་ལེ་ཁོང་ངོ་སྤྲོད་བགྱིད་རྒྱུ་ཆེད་དུ། ང་ཆུས་ཁྲུས་གསོལ་བགྱིད་དུ་འོངས་པི་ཡིན་ཟིན་སྨྲས་པི་དིག 32-33ཡང་ཡོ་ཧ་ནན་གྱིས་འོ་དེ་གི་ཟིན་དཔང་པོ་བྱས་ཕེན། ནམ་མཁའ་ནས་དཀོན་མཆོག་གི་ཐུགས་ཉིད་ནི། བྱ་ཕུག་མོ་འབབ་འོང་གི་ཅོག་འདྲ། ཁོང་གི་ལུས་ལྟག་ག་ལེ་བབ་སྟེ་བཞུགས་པི་ངས་མཐོང་བྱུང་། ངས་ཁོང་རང་ངོ་མི་ཤེས་འོད། ཡིན་ནའང་། ཆུས་ཁྲུས་གསོལ་བགྱིད་དུ་རྫོང་མཁན་གྱིས་ང་ལེ། ཁྱོད་ཀྱིས་སུའི་ལྟག་ག་ལེ་དམ་པའི་ཐུགས་ཉིད་བབ་སྟེ་བཞུགས་པི་མཐོང་ནི། འོ་དེ་ནི་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་བགྱིད་མཁན་ཡིན་དིག་ཟིན་གསུངས་བྱུང་། 34ཡང་ངས་ཟང་ཁོང་གིས་ཅི་གསུངས་པི་ཅོག་འདྲ་མཐོང་ཕེན། མི་འདི་ནི་དཀོན་མཆོག་གི་སྲས་ཡིན་དི་ངས་དཔང་པོ་བགྱིད་འོད་ཟིན་སྨྲས་པི་དིག
ཡེ་ཤུའི་སློབ་མ་དང་པོ།
35དེའི་སྔ་དྲོ་ཡོ་ཧ་ནན་ཁོང་རང་ནི། རང་གི་སློབ་མ་གཉིས་དིང་སྐྱེན་ལེ་དེ་རུ་བསྡད་འོད་དིག 36དེ་ནས་ཡོ་ཧ་ནན་གྱིས་ཡེ་ཤུ་ཕེབས་འོང་གི་མཐོང་སྟེ། ཁོས་ལྟོས་དང་། འདི་ནི་དཀོན་མཆོག་གི་ལུ་གུ་ཡིན་དིག་ཟིན་སྨྲས་པི་དིག 37དེ་ནས་སློབ་མ་གཉིས་པོ་དེས་ཟང་ཡོ་ཧ་ནན་གྱིས་སྨྲས་པི་དེ་ཐོས་ཕེན། ཁོ་གཉིས་ཡེ་ཤུའི་རྗེས་ལེ་འབྲངས་པི་དིག 38དེ་ནས་ཡེ་ཤུས་ཞལ་ཚུར་བསྐོར་ཏེ། རང་གི་རྗེས་ལེ་འབྲང་འོང་མཁན་ཁོ་གཉིས་ལེ་གཟིགས་ཏེ། ཁྱེད་གཉིས་ཀྱིས་ཅི་འཚོལ་ལི་དོ་ཟིན་གསུངས་པི་དིག ཡང་ཁོ་གཉིས་ཀྱིས། རཱབ་བི། ཁྱེད་རང་ག་ན་ལེ་བཞུགས་གྱོ་འོད་དོ་ཟིན་དྲིས་པི་དིག#1.38 ཨ་རཱ་མེག་གི་སྐད་ནང་ལེ་རཱབ་བི་ཟེར་དོན་ནི་སློབ་དཔོན་ཟེར་རི་ཡིན་དིག 39དེ་ནས་ཁོང་གིས་ཁོ་གཉིས་ལེ། ཤོག ལྟོས་དང་ཟིན་གསུངས་ཕེན། ཁོ་གཉིས་འོངས་ཏེ། ཁོང་གི་བཞུགས་ས་དེ་མཐོང་པི་དིག དེ་ནས་ཁོ་གཉིས་ཆུད་ཚོད་བཞི་པ་ཚོད་ནས་ཉི་མ་ནུབ་མ་ཡོལ་བར་དུ་ཡེ་ཤུའི་སྐྱེན་ལེ་བསྡད་དི་དིག 40ཡང་ཡོ་ཧ་ནན་གྱིས་སྨྲས་པི་ལབ་དེ་ཐོས་མཁན་དིང་། ཡེ་ཤུའི་རྗེས་ལེ་འབྲང་མཁན་མི་དེ་གཉིས་ནང་ནས་མི་གཅིག་ནི། སི་མོན་པེ་ཏྲོའི་སྤུན་ཨན་དྲི་ཡཱ་ཟེར་མཁན་ཁོ་ཡིན་དིག 41དེ་ནས་ཨན་དྲི་ཡཱ་ཨ་ཇོ་སི་མོན་པེ་ཏྲོ་ཐུག་ཕེན། ཁོས་ཨ་ཇོ་ལེ། ཉེད་ཀྱ་ལེ་དཀོན་མཆོག་གིས་བསྐོས་གནང་བའི་སྐྱབས་མགོན་དེ་མཇལ་བྱུང་། ཉེད་ཀྱ་ཀྱིས་ཁོང་ལེ་སྐྱབས་མགོན་ཟིན་འོད་ཟིན་སྨྲས་པི་དིག#1.41 གེ་རིག་ཟེར་ལུགས་ནང་ལེ་བྲིས་པའི་མ་དེབ་ཀྱི་བཤུས་ཡིག་ཁ་ཤས་ནང་ལེ་དཀོན་མཆོག་གི་སྲས་ཟིན་བྲིས་ལུགས་འདུག ཡང་མ་དེབ་ཁ་ཤས་ནང་ལེ་སྐྱབས་མགོན་ལེ། ཁི་རིའི་སི་ཟིན་འོད་དིག 42དེ་ནས་ཡང་ཨན་དྲི་ཡཱ་ཁོས་རང་གི་ཨ་ཇོ་སི་མོན་ཡེ་ཤུའི་དྲུང་དུ་ཁྲིད་ཕེན། ཡེ་ཤུས་ཟང་སི་མོན་ལེ་གཟིགས་ཏེ། ཁྱོད་ནི་ཡོ་ཧ་ནན་ཟེར་མཁན་གྱི་བི་ས་སི་མོན་ཟེར་མཁན་དེ་ཡིན་ཕེན། ད་ཁྱོད་ཀྱི་མིང་ལེ་ཀེ་ཕཱ་ཟིན་འབོད་ཀྱི་ཡིན་ཟིན་གསུངས་པི་དིག#1.42 ཀེ་ཕཱ་དིང་པེ་ཏྲོ་ཟེར་རི་དོན་དེ་ནི་བྲག་ཡིན།
ཡེ་ཤུས་ཕི་ལིབ་དིང་ནཱ་ཐན་ཨེལ་ཟེར་མཁན་ཁོ་གཉིས་བོས་པ།
43དེའི་སྔ་དྲོ་ཡེ་ཤུ་ཁོང་རང་ག་ལིལ་ལུང་པ་ལེ་འགྲོ་དགོས་བསམ་སྟེ། ཕི་ལིབ་ཐུག་ཕེན། ཁོ་ལེ་ཁྱོད་ངའི་རྗེས་ལེ་འབྲོངས་ལེད་ཟིན་གསུངས་པི་དིག 44ཕི་ལིབ་ཁོ་རང་ནི་པེ་སད་དཱ་ཟེར་རི་རྒྱལ་ས་ནས་ཡིན་དིག ཡང་ཨན་དྲི་ཡཱ་དིང་པེ་ཏྲོ་ཁོ་གཉིས་ཡུལ་གཅིག་པ་ཡིན་དིག 45དེ་ནས་ཕི་ལིབ་ལེ་​ནཱ་ཐན་ཨེལ་ཐུག་ཕེན། ཕི་ལིབ་ཁོས་ཁོ་ལེ། ལུང་སྟོན་པ་མོ་ཤེ་ལེ་དཀོན་མཆོག་གི་གནང་བའི་ཆོས་ཁྲིམས་ཀྱི་མདོ་ནང་ལེ་བྲིས་འོད་དི་མ་ཟད། ཡང་ལུང་སྟོན་པ་ཀྱ་ཀྱིས་ཟང་ལུང་བསྟན་ནང་ལེ། དཀོན་མཆོག་གི་བརྒྱུད་ནས་ཕེབས་པའི་སྐྱེས་བུ་དེའི་སྐོར་ལེ། བྲིས་འོད་ཡོད་ནཱ་ཙ་རེལ་​ཡུལ་ནས་ཡིན་དི་ཡོ་སེབ་ཀྱི་བི་ས་ཡེ་ཤུ་ཁོང་ནི་ཉེད་ལེ་མཇལ་བྱུང་ཟིན་སྨྲས་པི་དིག 46དེ་ནས་​ནཱ་ཐན་ཨེལ་གྱིས་ཕི་ལིབ་ལེ། ནཱ་ཙ་རེལ་ཡུལ་ལེ་བཀྲ་ཤིས་པའི་དོན་བཟང་པོ་ཞིག་འོང་སྲིད་གྱོ་འོད་དིག་གས་སྨྲས་ཕེན། ཕི་ལིབ་ཀྱིས་ཁོ་ལེ། ཚུར་ཤོག ལྟོས་དང་ཟིན་སྨྲས་པི་དིག 47ཡང་ཡེ་ཤུས་ནཱ་ཐན་ཨེལ་ཁོ་ཚུར་འོང་གི་གཟིགས་ཏེ། ལྟོས་དང་། མི་འདི་ནི་སེམས་ལེ་གཡོ་རྒྱུ་མེད་མེད་ཡི་སི་ར་ཨེལ་པའི་མི་ངོ་ཐོག་ཞིག་ཡིན་དིག་ཟིན་གསུངས་པི་དིག 48ནཱ་ཐན་ཨེལ་གྱིས་ཡེ་ཤུ་ལེ། ཁྱེད་ཀྱིས་ང་ཅི་གི་བྱས་ཏེ་ངོ་ཤེས་གྱོ་འོད་དོ་ཟིན་ཞུས་ཏེ། ཁྱོད་རང་བསེ་ཡབ་སྡོང་པོའི་གྲིབ་ནག་འོག་ལེ་སྡོད་རྒྱ། ཁྱོད་ལེ་ཕི་ལིབ་ཀྱིས་ཤོག་མ་སྨྲས་པའི་སྔོན་ནས་ངས་ཁྱོད་རང་མཐོང་བྱུང་ཟིན་གསུངས་པི་དིག 49དེ་ནས་ནཱ་ཐན་ཨེལ་གྱིས་ཡེ་ཤུ་ལེ། རཱབ་བི། ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་དི་དིང་། ཡང་ཡི་སི་ར་ཨེལ་པ་ཀྱ་ཀྱིས་ཡུན་རིང་པོའི་ངང་ནས་སྒུག་ས་རྒྱལ་པོ་དེ། ཁྱེད་རང་ཡིན་དིག་ཟིན་ཞུས་པི་དིག 50ཡེ་ཤུས་ཁོ་ལེ། ཁྱོད་བསེ་ཡབ་སྡོང་པོའི་གྲིབ་ནག་འོག་ལེ་སྡོད་རྒྱ། ངས་ཁྱོད་རང་མཐོང་བྱུང་སྨྲས་པི་དེ་ལེ། ཁྱོད་ཀྱིས་ང་ལེ་ཡིད་ཆེས་བགྱིད་དི་ཡིན་དས། དོན་དེ་ལས་ཟང་ཆེ་བ་ཁྱོད་ཀྱིས་མཐོང་གྱི་དིག་ཟིན་གསུངས་པི་དིག 51ཡང་ཁོང་གིས་ཁོ་ལེ། ཉོན་དང་། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཞིང་ཁམས་ཀྱི་སྒོ་ཕྱེ་སྟེ་དཀོན་མཆོག་གི་ཕོ་ཉ་ཀྱ་ནི། མིའི་བི་ས་ཟེར་མཁན་གྱི་བརྒྱུད་ནས། ཡར་ཕེབས་པ་དིང་མར་ཕེབས་པ་ཁྱེད་ཀྱ་ཀྱིས་མཐོང་གྱི་དིག་ཟིན་གསུངས་པི་དིག །#1.51 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 28 ཨང་ 12 ནང་ལེ་གཟིགས་རོགས།

Voafantina amin'izao fotoana izao:

ཡོ་ཧ་ནན། 1: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra