Kisary famantarana ny YouVersion
Kisary fikarohana

ཡོ་ཧ་ནན། 2

2
ལེའུ་གཉིས་པ།
ཀ་ནཱ་ཟེར་རི་རྒྱལ་ས་ལེ་ཡོད་འོད་ཆང་སའི་སྐོར།
1དེ་ནས་ཉིན་མ་གསུམ་པ་ལེ་ག་ལིལ་ལུང་པའི་ཀ་ནཱ་ཟེར་རི་རྒྱལ་ས་རུ་ཆང་སའི་དགའ་དོན་ཞིག་འོད་དིག ཡང་ཡེ་ཤུའི་ཡུམ་མོ་རང་ཟང་ཆང་ས་དེ་རུ་འོད་དིག 2དེ་ནས་ཡེ་ཤུ་དིང་སློབ་མ་ཀྱ་ཟང་ཆང་ས་དེ་ལེ་མགྲོན་པོ་ལེ་བོས་པི་དིག 3དུས་དེ་རྒྱ་རྒུན་ཆང་ཡེ་རེ་རྫོགས་ཕེན། ཡེ་ཤུའི་ཡུམ་གྱིས་ཁོང་ལེ། ཁྱེད་ཀྱ་ལེ་རྒུན་ཆང་སྟེར་རྒྱུ་མེད་ཟིན་སྨྲས་པི་དིག 4དེ་ནས་ཡེ་ཤུས། ཨ་མའོ། དོན་དེ་ང་རིང་འབྲེལ་བ་ཅི་འོད་དི་གོ། ངའི་དུས་ཚོད་དེ་ད་ལྟ་མ་སླེབས་འོད་དིག་ཟིན་གསུངས་པི་དིག 5དེ་ནས་ཁོང་གི་ཡུམ་གྱིས་དེ་རུ་འོད་ཡོད་གཡོག་པོ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཁོང་གིས་ཅི་གསུང་ཅོག་འདྲ་གྱིས་ཤིག་ཟིན་སྨྲས་པི་དིག 6ཡང་དེ་རུ་ཡ་ཧུ་དཱ་པའི་ཆོས་ཀྱི་ལུགས་སྲོལ་ཅོག་འདྲ་གཙང་སྦྲ་བགྱིད་རྒྱུ་ཆེད་དུ། རྡོ་ནས་བཟོས་པའི་ཆུ་སྣོད་རྫ་མ་དྲུག་བོར་འོད་དིག ཆུ་སྣོད་གཅིག་གི་ནང་ལེ་ཧ་ལམ་ཆུ་ལི་ཏྲར་བརྒྱ་ཚོད་གཤོང་གྱོ་འོད་དིག 7དེ་ནས་ཡེ་ཤུས་གཡོག་པོ་དེ་ཀྱ་ལེ། ཆུ་སྣོད་ཀྱ་ནང་ལེ་ཆུ་ཁོང་ཞིག་ཟིན་བཀའ་གནང་ཕེན། ཁོང་ཀྱ་ཀྱིས་ཟང་དེ་རུ་འོད་ཡོད་ཆུ་སྣོད་ཡེ་རེའི་ནང་ལེ་ཆུ་བཀང་པི་དིག 8དེ་ནས་ཡེ་ཤུས་ཁོང་ཀྱ་ལེ། ཆུ་དེ་བཅུས་ཏེ་ཆང་སའི་དགའ་དོན་གྱི་གཉེར་པ་འོད་ས་ལེ་སྐྱོལ་དང་ཟིན་བཀའ་གནང་ཕེན། གཡོག་པོ་དེ་ཀྱ་ཀྱིས་ཁོང་གི་བཀའ་གསུང་ཅོག་འདྲ་བྱས་ཏེ་བསྐྱལ་ལི་དིག 9དེ་ནས་ཆང་སའི་དགའ་དོན་གྱི་གཉེར་པ་ཁོས། ཆུ་ནས་རྒུན་ཆང་ལེ་བསྒྱུར་རི་དེ་ལེ་བྲོ་བ་བལྟས་ནའང་། གཉིར་པ་ཁོས་རྒུན་ཆང་དེ་ག་ནས་བྱུང་མ་བྱུང་ཧ་མ་གོ་པི་དིག ཡིན་ནའང་། གཡོག་པོ་ཀྱ་ཀྱིས་ཆང་དེ་ག་ནས་ཡིན་དི་ཧ་གོ་འོད་དིག དེ་ནས་གཉེར་པ་ཁོས་མག་པ་ཚུར་ཤོག་སྨྲས་ཏེ། 10མི་གཞན་མ་ཡེ་རེས་སྔོན་ལེ་རྒུན་ཆང་ཞིམ་པ་དེ་མགྲོན་པོ་ཀྱ་ཀྱིས་བཏུངས་པའི་རྗེས་ལེ། རྒུན་ཆང་མི་ཞིམ་པ་དེ་རྗེས་ལེ་སྟེར་རྒྱུ་ཆེད་དུ་བོར་གྱོ་འོད་དིག ཡིན་ནའང་། ཁྱེད་ཀྱ་ཀྱིས་དེ་ཅོག་འདྲ་མ་བྱས་ཏེ། རྒུན་ཆང་ཞིམ་པ་དེ་རྗེས་ལེ་སྟེར་གྱི་འདུག་ཟིན་སྨྲས་པི་དིག 11ཡེ་ཤུས་ངོ་མཚར་རྟགས་དང་པོ་དེ་ནི། ག་ལིལ་ལུང་པ་ཀ་ནཱ་ལེ་བསྟན་གནང་སྟེ། རང་གི་གཟི་བརྗིད་མངོན་པར་མཛད་ཕེན། སློབ་མ་ཀྱ་ཀྱིས་ཟང་ཁོང་ལེ་དད་པ་བྱས་པི་དིག 12དེའི་རྗེས་ལེ་ཡེ་ཤུས་རང་གི་ཡུམ་དིང་། ནུ་བོ་ཀྱ་དིང་། སློབ་མ་ཀྱ་དིང་སྐྱེན་ལེ་མར་ཀ་ཕར་ན་ཧུམ་ཟེར་རི་ཡུལ་ལེ་ཕེབས་ཏེ། དེ་རུ་ཉིན་མ་ཁ་ཤས་བཞུགས་པི་དིག
ཚོང་པ་ཀྱ་མཆོད་ཁང་ཆེན་མོ་ནས་ཕྱི་ལེ་བུད་གནང་བ།
13དེ་ནས་ཡང་ཡ་ཧུ་དཱ་པའི་སྲོག་ཐར་རི་དུས་ཆེན་གྱི་ཉིན་མ་དེ་སླེབས་ལྷག་འོད་ཕེན། ཡེ་ཤུ་ཟང་སྟོད་ཕྱོགས་ཀྱི་ཡེ་རུ་ས་གླིང་རྒྱལ་ས་ལེ་ཕེབས་པི་དིག 14དེ་ནས་མཆོད་ཁང་ཆེན་མོའི་སྒོ་རའི་ནང་ལེ། བ་གླང་། ལུག ཕུག་མོ་ཚོང་མཁན་ཚོང་པ་ཀྱ་དིང་། དངུལ་རྗེ་མཁན་མི་ཀྱ་བསྡད་འོད་དི་གཟིགས་པི་དིག 15དེ་ནས་ཁོང་གིས་ཐག་པ་ནས་རྟ་ལྕག་ཞིག་བཟོས་ཏེ་མཆོད་ཁང་ནང་ལེ་འོད་ཡོད་བ་གླང་དིང་། ལུག་ཡེ་རེ་ཕྱི་ལེ་བཏོན་གནང་པི་མ་ཟད། དངུལ་རྗེ་མཁན་གྱི་ཅོག་ཙེ་དེ་ཟང་མགོ་རྟིང་བསློགས་ཏེ་དངུལ་སྒོར་ཡེ་རེ་གཏོར་རི་དིག 16དེ་ནས་ཕུག་མོ་ཚོང་མཁན་མི་ཀྱ་ལེ། འདི་ཡེ་རེ་ཕྱི་ལེ་ཁྱེར་ཅིག ངའི་ཨ་ཀྱིའི་མཆོད་ཁང་འདི་ནི་ཚོང་ར་ཚོགས་ས་བགྱིད་མི་ཆོག་འོད་ཟིན་གསུངས་པི་དིག 17དེ་ནས་ཡེ་ཤུའི་སློབ་མ་ཀྱ་ཀྱིས་དཀོན་མཆོག་གི་གསུང་རབ་ཀྱི་མདོ་ནང་ལེ། རང་གི་མཆོད་ཁང་གི་ཆེད་དུ། ཁྱོད་ཀྱིས་མེ་འབར་རི་ཅོག་འདྲ་བརྩོན་འགྲུས་བགྱིད་ཀྱི་དིག་ཟིན་བྲིས་འོད་ཡོད་དེ་དྲན་པ་སད་དི་དིག#2.17 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 69 ཨང་ 9 ནང་ལེ་གཟིགས་རོགས། 18དེ་ནས་ཡ་ཧུ་དཱ་པའི་ཆོས་ཀྱི་དཔོན་པོ་ཀྱ་ཀྱིས་ཡེ་ཤུ་ལེ། ཁྱོད་ཀྱིས་ལས་འདི་ཅོག་འདྲ་བགྱིད་རྒྱུ་ལེ། དབང་ཆ་འོད་དི་བདེན་དཔང་བགྱིད་རྒྱུ་ཆེད་དུ། ཁྱོད་ཀྱིས་ཉེད་ཀྱ་ལེ་ངོ་མཚར་གྱི་རྟགས་ཤིག་སྟོན་ནུས་གྱོ་འོད་ནི་སྟོན་དང་ཟིན་སྨྲས་པི་དིག 19དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། གལ་སྲིད་ཁྱེད་ཀྱ་ཀྱིས་མཆོད་ཁང་འདི་བཤིག་ནི། ངས་ཉིན་མ་གསུམ་ནང་ལེ་ཡང་དང་རྩིག་གྱི་ཡིན་ཟིན་གསུངས་པི་དིག 20དེ་ནས་ཡ་ཧུ་དཱ་པའི་ཆོས་དཔོན་ཀྱ་ཀྱིས་མཆོད་ཁང་ཆེན་མོ་འདི་རྩིག་རྒྱུ་ལེ་ལོ་བཞི་བཅུ་ཞེ་དྲུག་འགོར་རི་དིག ཁྱོད་ཀྱིས་ཉིན་མ་གསུམ་ནང་ལེ་རྩིག་ཐུབ་གྱོ་འོད་དས་ཟིན་དྲིས་པི་དིག 21ཡིན་ནའང་། ཡེ་ཤུས་རང་གི་སྐུ་ལུས་འདི་མཆོད་ཁང་ལེ་དཔེ་སྟོན་ཏེ་གསུངས་པི་དིག 22དེ་ནས་ཡེ་ཤུ་སྐུ་གྲོངས་ཏེ་ཡང་དང་གསོན་པོ་བཞེངས་པི་རྗེས་ལེ། ཁོང་གིས་གསུངས་པི་དེ་སློབ་མ་ཀྱ་ཀྱིས་དྲན་པ་སད་ཕེན། གསུང་རབ་ཀྱི་མདོ་དིང་ཡེ་ཤུས་གསུངས་པའི་བཀའ་དེ་གཉིས་ལེ་དད་པ་བྱས་པི་དིག
23ཡང་སྲོག་ཐར་རི་དུས་ཆེན་དེ་ལེ། ཡེ་ཤུ་ཡེ་རུ་ས་གླིང་རྒྱལ་ས་ལེ་བཞུགས་འོད་ཕེན། མི་མང་པོ་ཞིག་གིས་ཁོང་གིས་མཛད་པའི་ངོ་མཚར་དེ་ཀྱ་མཐོང་སྟེ་ཁོང་ལེ་དད་པ་བྱས་པི་དིག 24ཡིན་ནའང་། ཡེ་ཤུས་མི་ཡེ་རེའི་སེམས་མཁྱེན་གནང་གྱོ་འོད་ཕེན། མི་སུ་ཞིག་ལེ་ཟང་བློ་མ་གཏད་དི་དིག 25ཁོང་གིས་མིའི་སེམས་ནི་ཅི་གི་ཞིག་ཡིན་དི་དེ་ཟང་མཁྱེན་གནང་གྱོ་འོད་དི་མ་ཟད། མི་སུ་ཞིག་གིས་མི་གཞན་གྱི་སྐོར་ཁོང་ལེ་བདེན་དཔང་བགྱིད་དགོས་དོན་ཅི་གང་མེད་དིག །

Voafantina amin'izao fotoana izao:

ཡོ་ཧ་ནན། 2: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra