Kisary famantarana ny YouVersion
Kisary fikarohana

ལུ་ཀཱ། 13

13
ལེའུ་བཅུ་གསུམ།
སེམས་བསྒྱུར་དགོས་པའི་​སྐོར།
1དུས་དེ་རྒྱ་མི་ཚོགས་​ཀྱ་ནང་​ནས་​མི་​ཁ་ཤས་​ཞིག་​གིས་​ཡེ་ཤུ་ལེ། དེ་​སྔོན་​ཡ་ཧུ་དཱ་​ལུང་པའི་སྤྱི་དཔོན་​པི་ལ་ཏི་ཁོས་​ག་ལིལ་ལུང་པའི་མི་ཞིག་བསད་དི་མ་ཟད། མི་དེ་ཀྱ་ཀྱིས་ཁོའི་ཁྲག་དེ་དམར་མཆོད་ལེ་ཕུལ་ལི་སེམས་ཅན་གྱི་ཁྲག་དིང་སྐྱེན་ལེ་བསྲེས་པའི་གནས་ཚུལ་​དེ་ཁོང་​ལེ་​ཞུས་​ཕེན། 2ཡེ་ཤུས་མི་དེ་ཀྱ་ལེ། ག་ལིལ་ལུང་པའི་​མི་​དེ་​ཀྱ་ཀྱིས་​དཀའ་ངལ་​ཆེན་པོ་​མྱངས་​ཕེན། ཁྱེད་​ཀྱ་​ཀྱིས་​སེམས་པ་​ལེ། ཤི་​མཁན་​མི་​ཀྱ་​དེ་ནི་ག་ལིལ་​ལུང་པའི་ནང་​ནས་​སྡིག་ཅན་ཞིག་​ཡིན་དིག་​བསམ་གྱི་གས། 3ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། འོ་དེ་གི་​མ་དིག གལ་སྲིད་​ཁྱེད་​ཀྱ་​ཀྱིས་​སྤྱོད་པ་​ངན་པ་དེ་ཀྱ་​སྤངས་​ཏེ། སེམས་​མ་བསྒྱུར་​རི་ཡིན་​ནི། ཁྱེད་ཀྱ་ཟང་​འོ་དེ་ཅོག་འདྲ་​ཤི་​དགོས་​འོང་​གྱི་​དིག 4ཡང་​སྔར་སྔ་མོའི་​དུས་​ལེ་སི་ལོམ་​ཟེར་​རི་​ས་ཆ་​དེ་རུ་རྫོང་​ཞིག་​འོད་​དི་​དིག རྫོང་​དེ་​ཧོབ་ཏེ་ཁ་​ལེ་​བརྡིབས་​ཏེ་​མི་བཅོ་བརྒྱད་​ཤི་པི་དིག ཁྱེད་​ཀྱ་​ཀྱིས་​སེམས་པ་​ལེ་​ཤི་​མཁན་​མི་​དེ་​ཀྱ་​ནི་ཡེ་རུ་ས་གླིང་​རྒྱལ་སའི་​ནང་​ལེ་​སྡོད་​མཁན་​མི་​ཀྱ་​ལས་​ལྷག་​ཚོད་ཉེས་པ་ཅན་ཞིག་ཡིན་དིག་​བསམ་གྱི་གས། 5ཡང་​ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། འོ་དེ་གི་​མ་དིག གལ་སྲིད་​ཁྱེད་ཀྱ་ཀྱིས་​སྤྱོད་པ་​ངན་པ་དེ་ཀྱ་སྤངས་​ཏེ་​སེམས་​པ་མ་​བསྒྱུར་​རི་​ཡིན་​ནི། ཁྱེད་​ཀྱ་​ཟང་འོ་དེ་ཅོག་འདྲ་​རང་སྲོག་​ཤོར་གྱི་​དིག་ཟིན་​གསུངས་​པི་​དིག
འབྲས་བུ་​མེད་མེད་བསེ་ཡབ་སྡོང་པོའི་​དཔེ་​སྐོར།
6ཡང་དེའི་རྗེས་ལེ། ཡེ་ཤུས་​དཔེ་​ཞིག་གི་བརྒྱུད་ནས། མི་​ཞིག་​ལེ་​རྒུན་འབྲུམ་གྱི་ཞིང་འོད་དིག ཁོས་ཞིང་དེའི་ནང་ལེ་བསེ་ཡབ་སྡོང་པོ་​གཅིག་ཟང་​ཚུགས་​འོད་ཕེན། མི་དེས་སྡོང་པོ་​དེ་ལེ་འབྲས་བུ་​སྐྱེས་​འོད་མེད་བ​ལྟས་པི་དིག ཡིན་ནའང་། སྡོང་པོ་དེ་ལེ་འབྲས་བུ་གཅིག་ཟང་མ་སྐྱེས་འོད་དི་མཐོང་ཕེན། 7མི་དེས་​རྒུན་འབྲུམ་སྲུང་མཁན་ཁོ་​ལེ། ལྟོས་​དང་། ངས་​ལོ་​གསུམ་​ཚོད་​བསེ་ཡབ་སྡོང་པོ་འདི་ལེ་འབྲས་བུ་​སྐྱེས་​འོད་མེད་ལྟ་​རུ་​འོངས་​པི་​ཡིན། ཡིན་ནའང་​། འབྲས་བུ་ཅིག་ཟང་མ་​སྐྱེས་​འདུག སྡོང་པོ་​འདི་ཆོད་དང་། ས་ཆ་​འདི་​འཕྲོ་བརླགས་གཏོང་དགོས་པའི་དོན་ཅི་གང་མི་འདུག་​སྨྲས་ཕེན། 8རྒུན་འབྲུམ་སྲུང་མཁན་​ཁོས་ཞིང་གི་བདག་པོ་ཁོང་ལེ། སྡོང་པོ་འདི་ད་​རུང་ལོ་གཅིག་མ་བཅད་དེ་​བོར་​རོགས། ངས་​སྡོང་པོའི་​མཐའ་བསྐོར་​གྱི་​ས་​བསློགས་ཏེ་​ལུད་​འདེབས་​ཀྱི་ཡིན། 9གལ་སྲིད་རྗེས་མའི་ལོ་ལེ་འབྲས་བུ་​སྐྱེས་ནི་དགའ་མོ་ཡིན་དིག མ་​སྐྱེས་ནི་ཁྱེད་ཀྱིས་སྡོང་པོ་འདི་གཅོད་ཆོག་གྱི་དིག་​ཟིན་སྨྲས་​པི་​དིག
ཡེ་ཤུས་ངལ་གསོ་བའི་​ཉིན་མོ་​ལེ་​བུ་མའ་​ཞིག་​གི་ན་ཚ་དྲག་ཏུ་བཅུག་པ།
10དེ་ནས་​ངལ་གསོ་བའི་​ཉིན་​ཞིག་​ལེ། ཡེ་ཤུས་​ཚོགས་ཁང་​ཞིག་གི་ནང་ལེ་​ཆོས་​གསུང་གནང་རྒྱ། 11ས་ཆ་​དེ་རུ་​གདོན་འདྲེ་ཞུགས་ཏེ་ལོ་བཅོ་བརྒྱད་བར་དུ་རྐེད་པ་ཡར་དགྱེ་མི་ནུས་མཁན་བུ་མའ་ཞིག་​འོད་དིག 12ཡེ་ཤུས་​བུ་མའ་​དེ་ལེ་གཟིགས་ཕེན། བུ་མའ་དེ་ལེ་ཚུར་​ཤོག་དང་། ད་ཁྱེད་རང་ན་ཚ་ནས་དྲག་པི་དིག་ཟིན་​གསུངས་ཏེ། 13ཁོང་གིས་བུ་མའ་​མོའི་​གཟུགས་པོ་ལེ་​ཕྱག་དབང་​གནང་​ལོང་མེད། བུ་མའ་​མོའི་རྐེད་​པ་དེ་དྲག་སྟེ་དགྱེ་དགྱེ་བགྱིད་རྒྱུ་འོད་ཡོད་བྱུང་​ཕེན། སེམས་​གཏིང་​ནས་མོས་​དཀོན་མཆོག་​ལེ་​བསྟོད་པ་​ཕུལ་​ལི་​དིག 14ཡིན་ནའང་། ཡེ་ཤུས་ངལ་གསོ་བའི་​ཉིན་མོ་དེ་ལེ་ན་ཚ་དྲག་​དུ་​བཅུག་པི་​རྐྱེན་​གྱིས་ཚོགས་ཁང་​གི་​དབུ་འཛིན་ཁོང་རང་​ཞེ་སྡང་​ཆེན་པོ་​ལངས་ཕེན། མི་ཚོགས་​ཀྱ་​ལེ་​གཟའ་འཁོར་​ཞིག་​ལེ་​ཉིན་མ་​དྲུག་​ལས་ཀ་​བགྱིད་​ཆོག་​གྱོ་​འོད་དིག ཉིན་མ་​དྲུག་པོ་​དེའི་​ནང་​ལེ་​ནད་པ་​ཀྱ་​འདི་རུ་​ཤོག ཡིན་ནའང་། ངལ་གསོ་བའི་​ཉིན་མ་​ལེ་​མ་​ཡོང་​སྨྲས་​པི་​དིག 15དེ་ནས་​ཇོ་བོས་​དབུ་འཛིན་ཁོ་ལེ། ཁ་​ཚིག་​དོན་​ལེ་​མི་​གནས་​མཁན་​ཁྱེད་​ཀྱ་​ཀྱིས་​ངལ་གསོ་བའི་​ཉིན་མོ་​ལེ། གླང་པོ་​དིང་། བོང་གུ་​ཀྱ་རྭ་ནས་​སྟོན་​ཏེ་​ཆུ་​བླུད་​དུ་​ཁྲིད་​མི་འགྲོ་འོད་དས། 16བུ་མའ་​འདི་ནི་​ཨབ་ར་ཧམ་​གྱི་​རིགས་རྒྱུད་​ཡིན་​དི་​མ་ཟད། ལོ་​བཅོ་བརྒྱད་བར་དུ་​བདུད་​ཀྱི་​རྒྱལ་པོ་​སཱ་ཏན་​གྱིས་​དབང་ལེ་བསྡུས་འོད་​ཕེན། ད་ལྟ་​ངལ་གསོ་བའི་​ཉིན་མོ་དེ་​ལེ་​མོ་རང་​ན་ཚ་​ནས་དྲག་མི་​ཆོག་​འོད་​དི་​གས་ཟིན་​གསུངས་​ཕེན། 17ཁོང་​གི་​ཁ་གཏད་ཀྱ་ངོ་ཚ་མོ་འཇུ་གུ་​བྱུང་​པི་​དིག ཡིན་ནའང་། མི་གཞན་མ་ཀྱ་ཀྱིས་ཁོང་​གིས་ངོ་མཚར་གྱི་ལས་​བཟང་པོ་​བྱས་གནང་​པི་​དེ་​ལེ་​དགའ་རི་​ཆེན་པོ་​བྱུང་​པི་​དིག
ཚུག་​དིང་​ཕབས་ཀྱི་དཔེ་​སྐོར།
18དེ་ནས་ཡེ་ཤུས་​དཀོན་མཆོག་​གི་​རྒྱལ་ཁབ་དེ་​ཅི་ཞིག་དིང་འདྲ་བ་ཡིན་གོ། ངས་དཔེ་ཅི་གི་ཞིག་དིང་བསྡུར་རྒྱུ། 19དཔེར་ན། དཀོན་མཆོག་གི་རྒྱལ་ཁབ་དེ་ནི། ཚུག​་གི་​ས་ངོན་​ཅོག་འདྲ། མི་​ཞིག་​གིས་​ས་ངོན་​དེ་​ཞིང་​ལེ་​བཏབ་​པི་​དིག ཡང་​ས་ངོན་​ཆུང་མ་​དེ་​སྡོང་པོ་​ཅོག་འདྲ་​ཆེ་​ཤོས་སྐྱེས་​པི་​མ་ཟད། བྱིའུ་​ཀྱ་​ཟང་​དེའི་ཡལ་ག་ལེ་​ཚང་​བཟོས་ཏེ་​སྡོད་​གྱོ་​འོད་དིག་ཟིན་​གསུངས་​པི་​དིག 20ཡང་དང་​ཁོང་​གིས་​དཀོན་མཆོག་​གི་​རྒྱལ་ཁབ་​དེ་ནི། ངས་ཅི་གི་​ཞིག་དིང་བསྡུར་རྒྱུ། 21དེ་​ནི་བུ་མའ་​ཞིག་​གིས་​ནས་​ཕད་ཙེ་གཅིག་བཙོས་​ཏེ་​དེའི་​ནང་​ལེ་​ཕབས་​བཏབ་​པི་དིང་ཅོག་འདྲ་ཡིན་དིག་ཟིན་གསུངས་​པི་​དིག#13.21 གེ་རིག་གི་ཟེར་ལུགས་གི་ནང་ལེ། བུ་མའ་ཞིག་གིས་བག་ཕྱེ་ཀི་ལོ་གསུམ་བཅུ་ནང་ལེ་སྐྱུར་རྩི་བཏབ་སྟེ་བརྫིས་པི་དིག་ཟིན་འོད་དིག
ཐར་པའི་​ལམ་​དོག་པོའི་​དཔེ་​སྐོར།
22ཡང་​ཁོང་​ཀྱ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཕེབས་རྒྱ​། རྒྱལ་ས་དིང་གྲོང་གསེབ་ཡེ་རེ་ལེ་​ཁོང་​གིས་​ཆོས་​གསུངས་​པི་​དིག 23-24མི་​ཞིག་​གིས་​ཡེ་ཤུ་​ལེ། ཇོ་བོ། ཁྱེད་ཀྱིས་མི་​ཉུང་མ་​ཞིག་​མ་གཏོགས་གཞན་​སྐྱོབས་ཀྱི་​མན་དས། ཐར་པ་འ​ཐོབ་​མཁན་​ཉུང་མ་​ཞིག་​མ་གཏོགས་​མེད་​དི་​གས་​ཟིན་​ཞུས་​ཏེ། ཁོང་​གིས་​ས་ཆ་​དེ་རུ་​འོད་ཡོད་​མི་ཀྱ་​ལེ། ཐར་པའི་​ལམ་​དོག་པོའི་​ནང་​ལེ་​འཛུལ་​རྒྱུ་​ལེ་​འབད་བརྩོན་​གྱིས་​ཤིག ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། རྗེས་མའི་​དུས་​ལེ་​མི་​མང་པོ་​ཞིག་​ཐར་པའི་​ལམ་​དོག་པོའི་​ནང་​ལེ་​འཛུལ་​རྒྱུ་ཐབས་ཤེས་བྱས་ནའང་​འཛུལ་​ཐུབ་​ཀྱི་​མ་དིག 25དཔེར་ན། ཁྱིམ་​གྱི་བདག་པོ་ཡར་​ལངས་​ཏེ་​སྒོ་​བརྒྱབ་​ཚར་​རི་​རྗེས་​ལེ། ཁྱེད་​ཀྱ་​ཕྱི་ལེ་​ལངས་​ཏེ་​སྒོ་​བརྡུངས་ཏེ། བདག་པོའོ། ཉེད་​ཀྱ་​ཀྱི་ཆེད་དུ་སྒོ་​ཕྱེ་རོགས་​བགྱིད་དང་ཟིན་​ཞུ་བ་​བརྒྱབ་​ནའང་། བདག་པོ་ཁོས། ཁྱེད་​ཀྱ་​ག་ན་ནས་འོངས་པི་ཡིན་དོ། ངས་​ངོ་​མི་​ཤེས་​འོད་​ཟེར་​གྱི་​དིག 26དེ་ནས་​མི་​དེ་​ཀྱ་​ཀྱིས། ཉེད་​ཀྱ་ནི་ཁྱེད་ཀྱི་​སྐྱེན་​ལེ་​བཟའ་​བཏུང་བགྱིད་མྱོང་​འོད་དི་མ་ཟད། ཉེད་ཀྱ་ཀྱི་སྲང་​ལམ་གྱི་བརྒྱུད་​ནས་​ཁྱེད་ཀྱིས་མི་​ཀྱ་​ལེ་​ཆོས་​གསུངས་​མྱོང་​འོད་དིག་​ཟིན་ཞུས་​ནའང་། 27ཁྱིམ་གྱི་བདག་པོ་ཁོས། ངས་​ཁྱེད་​ཀྱ་​ལེ་​སྨྲས་​ཚར་​རི་​ཡིན། ཁྱེད་​ཀྱ་​ག་ན་ནས་​འོངས་པི་ཡིན་མིན་ངས་​ངོ་​མི་​ཤེས་​འོད། ལས་​ངན་​བགྱིད་​མཁན་​ཡེ་རེ་​ངས་​མིག་​མཐོང་​ས་​མེད་​མེད་​ལེ་​རྒྱུགས་​ཤིག་ཟེར་གྱི་དིག་ཟིན་གསུངས་པི་དིག 28དེ་ནས་​ཁྱེད་​ཀྱ་​ཀྱིས་​མེས་མེས་​ཨབ་ར་ཧམ་​དིང་། ཨི་སཱག ཡ་ཀོབ། སྔར་སྔ་མོའི་​ལུང་སྟོན་པ་​ཡེ་རེ་​དཀོན་མཆོག་​གི་​རྒྱལ་ཁབ་​ནང་​ལེ་​བཞུགས་​འོད་​དེ་​མཐོང་​རྒྱ། ཁྱེད་​ཀྱ་​སྒོའི་​ཕྱི་ལེ་ངུ་​ཤོར་​རི་​མ་ཟད། མ་ཁམ་​བསྡམས་​དགོས་​འོང་​གྱི་​དིག ཅི་ལེ་​ཟེར་​ནི། དེ་རྒྱ་ཁྱེད་​ཀྱ་​ཕྱི་​བུད་​བཏང་ཚར་རི་​དིག#13.28 གེ་རིག་གི་ལུགས་སྲོལ་ནང་ལེ། ཟུག་ཟེར་དིང་། དཀའ་ངལ་ཆེན་པོ་འོང་རྒྱ། མ་ཁམ་བསྡམས་གྱོ་འོད་དིག ཁོང་ཁྲོ་ལངས་པི་དོན་མ་དིག 29ཡང་​ཕྱོགས་བཞི་​མཚམས་བརྒྱད་​ནས་​མི་​འོངས་ཏེ། དཀོན་མཆོག་​གི་​རྒྱལ་ཁབ་​ཀྱི་གསོལ་སྟོན་ལེ་ཞུགས་ཀྱི་​དིག 30ལྟོས་དང་། ད་ལྟ་​རྗེས་ཤོས་ཡིན་དི་མི་ཀྱ་​སྔོན་​ལེ་​སླེབས་​ཀྱི་​དིག ཡང་སྔོན་ཤོས་ཡིན་དི་​མི་ཀྱ་རྗེས་​ལེ་​ལུས་​ཀྱི་​དིག་ཟིན་​གསུངས་​པི་​དིག
ཡེ་རུ་ས་གླིང་​གི་ཆེད་དུ་ཡེ་ཤུས་སེམས་སྡུག་གནང་བ།
31དུས་དེ་རྒྱ་​ཕཱ་རུ་ཤི་པ་​ཁ་ཤས་​ཡེ་ཤུའི་མདུན་དུ་འོངས་ཏེ། རྒྱལ་པོ་ཧེ་རོ་དཱེ་ཁོས་ཁྱེད་རང་ལེ་གསོད་​འདོད་​བགྱིད་​འདུག ས་ཆ་​འདི་རུ་​མ་​སྡོད། ས་ཆ་​གཞན་མ་​ཞིག་​ལེ་​རྒྱུགས་ཤིག་​སྨྲས་​པི་​དིག 32ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ། ད་​ཁྱེད་​ཀྱ་​རྒྱུགས་ཤིག གཡོ་རྒྱུ་​ཅན་​གྱི་ཝ་སེ་​ཅོག་འདྲ་ཡིན་མཁན་དེ་ལེ། ཉོན་​དང་། འདི་རིང་​ཡང་ནི་སྔ་དྲོ་​ནང་​ལེ་​ངས་​གདོན་འདྲེ་​འདུལ་གྱི་ཡིན​། ནད་པ་​ཀྱ་​ཟང་​དྲག་​དུ་​འཇུག་​གྱི་ཡིན། ཡང་​ཉིན་​གསུམ་པ་​ལེ་​རང་གི་​དོན་དག་​འགྲུབ་​པར་བགྱིད་​ཀྱི་​ཡིན་​ཟིན་འདུག་ཟིན་ཤོད་ལེད​་སྨྲས་པི་དིག 33ཡིན་ནའང་། འདི་རིང་​ཡང་ནི། སྔ་དྲོ་དིང་གནངས་​བར་​ལེ་​ང་རང་​མུ་​མཐུད་​དེ་ནུས་​པི་​བགྱིད་​དགོས་​འོད། ཅི་ལེ་​ཟེར་​ནི། ལུང་སྟོན་པ་​ཞིག་​ཡེ་རུ་ས་གླིང་​རྒྱལ་སའི་​ཕྱི་ལེ་​ཤི་​སྲིད་​ཀྱི་མ་དིག 34ཡེ་རུ་ས་གླིང་​གི་མི་ཁྱེད་​ཀྱ་​ནམ་​ཞིག་​ཡིན་ནའང་། ལུང་སྟོན་མཁན་​ཡེ་རེ་​གསོད་​དི་མ་ཟད། དཀོན་མཆོག་​གིས་​ཁྱེད་​ཀྱ་​ཀྱི་​མདུན་​ལེ་བ​རྫངས་པི་དེ་​ཀྱ་​ཟང་​རྡོ་རུབ་​བཏང་​སྟེ་​བསད་​དི་​དིག བྱ་མོས་​བྱིའུ་ཕྲུག་​ཤོག་པའི་​འོག་​ཏུ་​བོར་​རི་​ཅོག་འདྲ། ངས་ཟང་ལན་མ་​མང་པོ་​ཁྱེད་​ཀྱ་​ཀྱི་བུ་ཕྲུག་ཀྱ་སྡུད་​འདོད་​བྱས་​ནའང་། ཁྱེད་​ཀྱ་ཀྱིས་དེ་ལེ་མ་འཐད་དི་​དིག 35ལྟོས་​དང་། ཁྱེད་ཀྱ་ཀྱི་ཁང་པ་​དེ་ཟང་​སྟོང་​པ་ཡིན་དིག ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། ཁྱེད་​ཀྱ་​ཀྱི་​ཁ་​ནས་​ཇོ་བོ་དཀོན་མཆོག་​གི་​མཚན་​གྱི་​ནང་​ནས་​ཕེབས་​མཁན་​དེ་​ལེ། བྱིན་གྱིས་རླབས་པར་ཤོག་མ་​སྨྲས་བར་དུ། ཁྱེད་​ཀྱ་​ཀྱིས་​ང་མཐོང་གྱི་མ་དིག་ཟིན་​གསུངས་​པི་​དིག །

Voafantina amin'izao fotoana izao:

ལུ་ཀཱ། 13: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra