Kisary famantarana ny YouVersion
Kisary fikarohana

ལུ་ཀཱ། 14

14
ལེའུ་བཅུ་བཞི།
ངལ་གསོ་བའི་​ཉིན་མ་​ལེ་ན་ཚ་​དྲག་​དུ་​བཅུག་གནང་བ།
1ཡང་​ངལ་གསོ་བའི་​ཉིན་མོ་ཞིག་​ལེ། ཕཱ་རུ་ཤི་པའི་​དཔོན་པོ་​ཞིག་​གིས་རང་གི་​ཁང་པ་ལེ་​ཡེ་ཤུ་ཞལ་ལག་ལེ་ཕེབས་བསུ་ཞུས་པི་དིག དེ་རྒྱ་མི་​དེ་ཀྱ་​ཀྱིས་ཡེ་ཤུ་​ལེ་​ཞིབ་བརྟག་​བྱས་​ཏེ་​བལྟས་​ཏེ་བསྡད་འོད་དིག 2དེ་རྒྱ་​ཁོང་​གི་​མདུན་​དུ་​རྐང་ལག་​ལེ་​ཆུ་​བསགས་​འོད་ཡོད་ནད་པ་ཞིག་​འོད་ཕེན། 3ཡེ་ཤུས་ཕཱ་རུ་ཤི་པ་​དིང་​ཆོས་ཁྲིམས་​མཁས་པ་​ཀྱ་​ལེ། ཡ་ཧུ་དཱ་པའི་ཆོས་ཁྲིམས་ནང་ལེ་ངལ་གསོ་བའི་​ཉིན་​མོ་ལེ། ན་ཚ་​དྲག་​ཏུ་​འཇུག་​ཆོག་​གྱོ་​འོད་​དི་​གོ་​མེད་​དི་​གོ་​ཟིན་དྲིས་གནང་པི་དིག 4ཡིན་ནའང་། མི་​དེ་ཀྱ་​ཀྱིས་​ལབ་ལན་ཅི་གང་​མ་​བསློགས་པི་དིག དེ་ནས་​ཡེ་ཤུས་​ནད་པ་​ཁོ་​ལེ་​ཕྱག་དབང་​གནང་​སྟེ། ཁོའི་ན་ཚ་​དེ་དྲག་​ཕེན་འགྲོ་​རུ་​བཅུག་​པི་​དིག 5ཡང་​ཁོང་​གིས་མི་དེ་ཀྱ་ལེ། ཁྱེད་​ཀྱ་ནང་ནས་མི་སུ་ཞིག་​ཡིན་ནའང་​། ངལ་གསོ་བའི་​ཉིན་མོ་​ལེ་​རང་​གི་ཕྲུ་​གུ་ཡང་​ནི་​གླང་པོ་​ཞིག་​ས་དོང་​ནང་​ལེ་ཤོར་​འོད་​ནི། དེ་ལོང་མེད་དོང་​ནས་​ཡར་​མི་འདོན་འོད་དིག་​གས་ཟིན་གསུངས་​ཕེན། 6མི་​དེ་ཀྱ་​ཀྱིས་​ཁོང་ལེ་ལན་​རྒྱག་མ་ནུས་​པི་​དིག
རང་​དམའ་​ས་​སྡོད་​དགོས་​པའི་​སྐོར།
7ཡང་​མགྲོན་པོ་​ལེ་སླེབས་པའི་མི་ཀྱ་​གྲལ་​མགོ་​ལེ་​སྡོད་​རྒྱུ་​ལེ་​འཐད་པོ་​བགྱིད་​འོད་དི་​ཡེ་ཤུས་མཐོང་ཕེན། ཁོང་​གིས་​དཔེའི་བརྒྱུད་ནས། 8མི་​སུ་ཞིག་གིས་​ཁྱོད་ལེ་ཆང་སའི་མགྲོན་པོ་​ལེ་​བོས་​པི་​ཡིན་ནི། གྲལ་མགོ་​ལེ་མ་​སྡོད་​ཅིག ཅི་ལེ་​ཟེར་​ནི། སྦྱིན་བདག་​གིས་​ཁྱོད་​རང་ལས་​ལྷག་​ཚོད་མི་​ཆེ་​ཞིག་​མགྲོན་པོ་​ལེ་​བོས་​འོད་​སྲིད་ཀྱི་དིག 9གལ་སྲིད་​བོས་​འོད་​ནི། ཁྱོད་​ལེ་​སྦྱིན་བདག་​གིས་​ཁྱོད་ཀྱི་​སྡོད་​ས་རུ་​མི་ཆེ་བ་དེ་སྡོད་​དུ་​བཅུག་​དང་ཟེར་​ཉེན་​འོད་དིག དེ་ནས་​ཁྱོད་རང་ངོ་ཚ་མོའི་ངང་ནས་གྲལ་​མཇུག་​ཏུ་​སྡོད་​དགོས་​འོང་​གྱི་​དིག 10ཡིན་ནའང་། མི་​གཞན་​མ་ཞིག་གིས་ཁྱོད་རང་​མགྲོན་པོ་​ལེ་​བོས་​པི་​ཡིན་​ནི། གྲལ་​མཇུག་​ཏུ་​སྡོད་​ཅིག ཅི་ལེ་​ཟེར་​ནི། ཁྱོད་​ལེ་བོས་​མཁན་​དེ་​འོངས་​ཏེ​། རོགས་པོ་​ཁྱོད་རང་​གྲལ་མགོ་ལེ་​བཞུགས་​དང་​ཟེར་​གྱི་​དིག དེ་​རྒྱ་​མགྲོན་པོ་​ཡེ་རེའི་​མདུན་​དུ་​ཁྱོད་ལེ་བརྩི་བཀུར་​འཐོབ་ཀྱི་དིག 11ཅི་ལེ་ཟེར་ནི། རང་གིས་རང་​ལེ་​མཐོང་​ཆེན་པོ་བགྱིད་​མཁན་​ཡེ་རེ་རྗེས་​ལེ་​མཐོང་ཆུང་​ཤོས་​འོང་གྱི་དིག ཡང་རང་​གིས་རང་ལེ་སྙེམས་ཆུང་​བགྱིད་མཁན་ཡེ་རེ་རྗེས་ལེ་​བརྩི་བཀུར་འཐོབ་ཀྱི་དིག་ཟིན་གསུངས་པི་དིག
དྲིན་ལན་​འཇལ་​མི་​དགོས་པའི་​སྐོར།
12དེ་ནས་​ཁོང་​གིས་རང་ལེ་མགྲོན་པོ་ལེ་བོས་གནང་མཁན་ཁོ་ལེ། ཁྱོད་ཀྱིས་ཉིན་དགུང་། ཡང་​ནི​། དགོང་མོའི་དུས་ལེ་མགྲོན་པོ་​བཤོམ་རྒྱ། རང་གི་​རོགས་པོ་​དིང་། སྤུན་ཀྱ་དིང་། གཉེན་ཚན་​ཀྱ་དིང་། ཁྱིམ་མཚེས་​ཕྱུག་པོ་​ཀྱ་​མགྲོན་པོ་​ལེ་​མ་​འབོད་​ཅིག ཅི་ལེ་​ཟེར་​ནི། མི་དེ་ཀྱ་ཀྱིས་​ཟང་​ཁྱོད་ལེ་​མགྲོན་པོ་​བོས་​ཏེ་​དྲིན་ལན་​འཇལ་​གྱི་​དིག 13དེའི་ཚབ་ལེ། ཁྱོད་རང་​མགྲོན་པོ་བཤོམ་རྒྱ། མི་​སྤྲངས་ལོང་། དབང་པོ་སྐྱོན་ཅན། རྐང་ཀྱོག མི་​ཞ་ར་​ཀྱ་​མགྲོན་པོ་​ལེ་​བོས་​ཤིག 14མི་​དེ་​ཀྱ་​ཀྱིས་​ཁྱོད་​ལེ་​དྲིན་ལན་​འཇལ་​མ་ཐུབ་ནའང་། དཀོན་མཆོག་གིས་མི་དྲང་བདེན་ཀྱ་འཆི་བ་ནས་ཡང་གསོན་པོ་བསླང་རྒྱ། ཁོང་གིས་​སྤྲང་སློང་དེ་ཀྱ་​ཀྱི་ཚབ་བྱས་ཏེ་​ཁྱོད་​ལེ་​དྲིན་ལན་​འཇལ་གནང་​གྱི་​དིག་ཟིན་གསུངས་པི་དིག
གསོལ་སྟོན་​ཕུན་སུམ་​ཚོགས་པའི་​དཔེ་སྐོར།
15དེ་ནས་ཡེ་ཤུ་དིང་སྐྱེན་ལེ་ཟ་མ་བཟའ་མཁན་མི་ཀྱ་ནང་ནས་མི་​ཞིག་​གིས་གསུངས་དེ་ཐོས་ཏེ་​ཁོང་​ལེ། དཀོན་མཆོག་​གི་​རྒྱལ་ཁབ་​ནང་ལེ་གསོལ་སྟོན་བྱས་ཏེ་ཕོ་ལེ་​བགྱིད་མཁན་ཀྱ་བདེ་བ་ཆེའོ་ཟིན་སྨྲས་​པི་​དིག 16ཡིན་ནའང་། ཡེ་ཤུས་​མི་ཁོ་​ལེ། མི་​ཞིག་​གིས་​དགོང་མའི་གསོལ་སྟོན་བཤམས་པི་རྗེས་ལེ། མི་​མང་པོ་​ཞིག་​མགྲོན་པོ་ལེ་ཕེབས་རོགས། 17ངས་གསོལ་སྟོན་ཡེ་རེ་​གྲ་སྒྲིག་​བཟོས་​ཚར་​རི་ཡིན་ཟིན་ཟེར་དུ། རང་གི་གཡོག་པོ་ཞིག་​བརྫངས་​པི་​དིག 18ཡིན་ནའང་​། མི་​དེ་​ཀྱ་འོང་འདོད་མེད་ཕེན། མི་དེ་ཀྱ་ཀྱིས་ཁ་མཐུན་བྱས་ཏེ་མགྲོན་པོ་​དང་པོ་ཁོས་ངས་​ཞིང་​ཞིག་​ཉོས་​པི་​ཡིན། འོ་དེ་ལེ་ལྟ་རུ་​འགྲོ་​དགོས་​བྱུང་​སོང་། དགོངས་དག་ཞུ་རོགས་སྨྲས་པི་དིག 19ཡང་​མི་གཞན་མ་ཁོས་ཟང་། ངས་གླང་པོ་ཆ་ལྔ་​ཉོ་​རྒྱུ་​བྱས་​པི་​ཡིན། གླང་པོ་དེ་ཀྱ་ཅི་འོད་མེད་ལྟ་རུ་​འགྲོ་​དགོས་​བྱུང་​སོང་​། དགོངས་དག་ཞུ་​རོགས་​སྨྲས་པི་​དིག 20ཡང་​མི་​གཞན་​ཞིག་​གིས། ང་​ད་ལྟ་​མནའ་མ་​བླངས་​ལོང་མེད་​ཡིན། ང་​འོང་​ཐུབ་རྒྱུ་མི་འདུག་སྨྲས་པི་དིག 21དེ་ནས་​གཡོག་​པོ་དེས་​ཕ་ལེ་ལོག་​སྟེ་​བདག་པོ་​ལེ། མི་​དེ་​ཀྱ་​ཀྱིས་​ཅི་​སྨྲས་དེ་རེ་རེ་བྱས་ཏེ་བདག་པོ་ཁོ་ལེ་​ཞུས་​ཏེ། བདག་པོ་​ཁོས་དོན་དེ་ལེ་​ཞེས་སྡང་​འཇུ་གུ་​ལངས་​ཕེན། གཡོག་པོ་​ཁོ་​ལེ། ཁྱོད་ད་ལྟ་​རང་​རྒྱལ་སའི་ཁྲོམ་​ལམ་​དིང་། སྲང་​ལམ་​ཡེ་རེ་ལེ་​ཕྱིན་​ཏེ་​མི་​དབང་པོ་སྐྱོན་ཅན་​དིང་། སྤྲངས་ལོང་། རྐང་ཀྱོག ཞ་ར་​ཡིན་མཁན་ཀྱ་​འདི་​རུ་​ཁྲིད་​ལེད་​ཟིན་​བཀའ་​གནང་​པི་དིག 22དེའི་རྗེས་ལེ་གཡོག་པོ་དེས་ཁོང་​ལེ། བདག་​པོའོ། ཁྱེད་​ཀྱིས་བཀའ་གནང་པི་​ཅོག་འདྲ་​ངས་​བསྒྲུབས་པར་བགྱིད་ཆོག ཡིན་ནའང་། ད་རུང་​ཟང་​སྡོད་​ས་​སྟོང་པ་​མང་པོ་​ལྷག་​འདུག་​ཟིན་ཞུས་ཕེན། 23བདག་​པོ་ཁོས་​གཡོག་པོ་ཁོ་​ལེ། ངའི་ཁྱིམ་ནང་​ལེ་​མགྲོན་པོའི་གང་​རྒྱུ་ཆེད་དུ། གཞུང་ལམ་དིང་སྲང་ལམ་ལེ་ཕྱིན་ཏེ། མི་​ཡེ་རེ་​ལེ་ནན་ཏན་​བྱས་​ཏེ་​ཁྲིད་ལེད་​ཟིན་​བཀའ་​བཏང་སྟེ་བརྫངས་​པི་​དིག 24ཡིན་ནའང་། ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། སྔོན་​ལེ་​བོས་​པའི་མགྲོན་པོ་​ཀྱ་​ནང་​ནས་​མི་​སུ་​ཞིག་ལེ་ཟང་​ངས་​བཤམས་པའི་​གསོལ་སྟོན་ལེ་​བྲོ་བ་ལྟ་རྒྱུ་འབྱོར་​གྱི་​མ་དིག་ཟིན་​གསུངས་​པི་​དིག
རྗེས་ལེ་འབྲང་མཁན་གྱིས་ཅི་སྤངས་དགོས་པའི་​སྐོར།
25ཡང་​ཉིན་མ་ཞིག་མི་ཚོགས་​མང་པོ་​འཇུ་གུ་​ཡེ་ཤུའི་​སྐྱེན་​ལེ་​འགྲོ་བ་​དིང་། ཁོང་​རང་ཞལ་​ཚུར་འཁོར་ཏེ་​མི་​ཚོགས་​དེ་​ཀྱ་​ལེ། 26གལ་སྲིད་​མི་​སུ་ཞིག་གིས་​ངའི་​རྗེས་ལེ་འབྲང་འདོད་འོད་ནི། རང་གི་​ཕ་མ་​དིང་། བུད་མེད། ཕྲུ་གུ། སྤུན་ཚང་ལ། ཡང་​ང་​ལེ་​ལྷག་​ཚོད་​རང་གི་​སྲོག་དེ་​གཙོ་​ཆེ་​བ་བརྩིས་​མཁན་མི་དེ་​ཀྱ་ནི། ངའི་​རྗེས་ལེ་འབྲང་​འོང་​སྲིད་​ཀྱི་མ་​དིག 27ཡང་​མི་​སུ་ཞིག་གིས​་རང་གི་​གདུང་མ་ཀུ་རུ་ཁ་དེ་མ་​འཁུར་​རི་ཡིན་ནི། མི་དེ་ངའི་​རྗེས་ལེ་​འབྲང་འོང་སྲིད་ཀྱི་མ་དིག​#14.27 གདུང་མ་ཀུ་རུ་ཁ་འཁུར་ལེད་ཟེར་རི་དོན་དེ་ནི། རང་གི་མི་ཚེའི་ནང་ལེ་ཡེ་ཤུའི་ཆེད་དུ་དཀའ་ངལ་སྣ་ཚོགས་མྱངས་ཏེ་རྗེས་ལེ་འབྲང་དགོས་པའི་དོན་ལེ་གསུངས་གནང་པི་དིག 28དཔེར་ན། ཁྱེད་​ཀྱ་​ནང་​ནས་​མི་​ཞིག་​གིས་​རྫོང་ཆེན་པོ་ཞིག་​བཟོ་​འདོད་​འོད་​ནི། མ་ཟོས་པའི་​སྔོན་​ལེ་​འགྲོ་​སོང་ཙམ་​འགྲོ་​འོད་​མེད་​བརྩིས་​མ་​བརྒྱབ་​ཏེ་བཟོ་འོད་​དི་​གས། 29གལ་སྲིད་​རྨང་གཞི་​བཏིང་སྟེ་​ཁང་པ་​བཟོ་​མ་​ཐུབ་​པི་​ཡིན་​ནི། མི་​ཀྱ་​ཀྱིས་​ཁོ་​ལེ་​འཕྱམ་ཆ་​གཏོང་​གི་མ་ཟད། 30མི་​དེས་​རྫོང་​བཟོ་​རྒྱུ་​འགོ་བཙུགས་ནའང་​བགྲུབ་​རྒྱུ་​མི་​འདུག་ཟེར་​གྱི་​དིག 31ཡང་​ནི། རྒྱལ་པོ་​ཞིག་​གིས་​རྒྱལ་པོ་​གཞན་​ཞིག་སྐྱེན་ལེ་​དམག་​འཐབ་​ཏུ་​འགྲོ་རྒྱ། རྒྱལ་པོ་གཞན་མ་ཁོ་ལེ་​དམག་མི་​ཁྲི་​གཅིག་​འོད་དི་དིང་། ཡང་རྒྱལ་པོ་​གཞན་​མ་ཁོ་ལེ་དམག་མི་​ཁྲི་​གཉིས་​འོད་​ནི། དམག་མི་​ཁྲི་​གཅིག་​འོད་ཡོད་​རྒྱལ་པོ་​ཁོས། དམག་མི་​ཁྲི་གཉིས་འོད་ཡོད་དེའི་སྐྱེན་ལེ་​དམག་​རྒྱག་ཐུབ་​མི་​ཐུབ་པའི་སྐོར་ལེ་​ནང་གྲོས་​མི་​བགྱིད་​འོད་​དི་​གས། 32གལ་སྲིད་​དམག་རྒྱག་ཐུབ་​རྒྱུ་​མི་​འདུག་​བསམས་པི་ཡིན་ནི། མཐའ་མ་​བསྐོར་རི་​སྔོན་​ལེ། ནང་འགྲིག་​གི་གྲོས་​དུར་བགྱིད་​རྒྱུ་​ཆེད་དུ་རང་གི་​སྐུ་ཚབ་​ཁ་ཤས་​རྫོངས་​ཀྱི་​དིག 33འོ་དེ་ཅོག་འདྲ། ཁྱེད་​ཀྱ་​ནང་​ནས་​མི་​སུ་​ཞིག་གིས​་རང་ལེ་ཅི་འོད་​ཡེ་རེ་​མ་​སྤངས་པི་​ཡིན་​ནི། མི་​དེ་​ངའི་​རྗེས་འབྲང་འོང་སྲིད་ཀྱི་མ་དིག 34ཚྭ་​དེ་​དགའ་མོ་​ཡིན་དིག ཡིན་ནའང་། ཚྭ་དེའི་བྲོ་བ་ཡལ་ལི་ཡིན་ནི། ཚྭ་དེའི་བྲོ་བ་ཡང་དང་ཅི་གི་བྱས་ཏེ་བཟོ་​ཐུབ་​རྒྱུ། 35དེ་ནི་ལུད་བགྱིད་རྒྱུ་ལེ་ཟང་ཕན་ཐོགས་​མེད་​ཕེན་ཕྱི་ལེ་གཡུག་གྱི་དིག ཡང་​རྣ་མཆོག་​འོད་ཡོད་​ཡེ་རེས་​ངའི་ལབ་​ལེ་​དགའ་མོ་​བྱས་​ཏེ་​ཉོན་​ཅིག་ཟིན་​གསུངས་​པི་​དིག །

Voafantina amin'izao fotoana izao:

ལུ་ཀཱ། 14: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra