Kisary famantarana ny YouVersion
Kisary fikarohana

ལུ་ཀཱ། 3

3
ལེའུ་གསུམ་པ།
ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​གྱིས་​ཆོས་​བསྟན་པ།
1རོ་མཱ་​གོང་མའི་​རྒྱལ་པོ་​སེ་བཟིར་ཐེ་པེར་ཡཱ་​ཟེར་མཁན་​ཁོང་རང་། ལོ་བཅོ་ལྔ་བར་དུ་རོ་མཱ་རྒྱལ་ཁབ་ལེ་དབང་འཛིན་​བགྱིད་དི་དུས་ལེ། ཡ་ཧུ་དཱ་​ལུང་པའི་​སྤྱི་དཔོན་​དེ་ནི། ཕོན་ཏི་ཡུ་པི་ལ་ཏི་​ཟེར་མཁན་ཁོང་རང་ཡིན་​དིག དུས་དེ་རྒྱ་ག་ལིལ་​ལུང་པའི་​ས་གནས་​དཔོན་​དེ་ནི། ཧེ་རོ་དཱེ་ཁོང་རང་​ཡིན་​དི་མ་ཟད། ཧེ་རོ་དཱེ་ཁོའི་​ནུ་བོ་​ཕི་ལིབ་​ཁོ་ནི། ཨེ་ཏ་རི་ཡཱ་​ལུང་པ་​དིང་། ཏྲ་ཀོ་ནི་ཏི་​ཟེར་རི་​ལུང་པ་​དེ་​གཉིས་​ཀྱི་​ས་གནས་​དཔོན་པོ་​ཡིན་​དིག ཡང་​ཨ་བི་ལེ་​ནེ་​ཟེར་​རི་​ལུང་པའི་​ས་གནས་​དཔོན་པོ་​དེ་ནི། ལི་སན་ཡཱ་​ཟེར་མཁན་​ཁོ་རང་​ཡིན་​དིག 2ཡང་ཨ་ནཱ་སི་​དིང་​ཀ་ཡ་ཕཱ་​ཟེར་མཁན་​ཁོ་གཉིས་​མཆོད་པ་འབུལ་མཁན་གཙོ་བོ་ཡིན་​རྒྱ། དབེན་སྟོང་​ལུང་པ་​ལེ་ཟེ་ཀ་རི་ཡཱའི་བི་ས་​ཡོ་ཧ་ནན་ཁོ་ལེ་དཀོན་མཆོག་​གི་​བཀའ་བབས​་​ཕེན། 3ཁོ་རང་ཡོར་དན་​གཙང་པོའི་འགྲམ་​གྱི་​ལུང་པ་ཡེ་རེ་​ལེ་​ཕྱིན་​ཏེ། དཀོན་མཆོག་གིས་མི་ཀྱ་ཀྱིས་བྱས་པའི་སྡིག་ཉེས་དེ་སེལ་གནང་རྒྱུ་ཆེད་དུ། མི་ཀུན་ལེ་རང་གི་སྤྱོད་པ་ངན་པ་དེ་ཀྱ་སྤངས་ཏེ། སེམས་ཁུགས་པའི་རྟགས་ལེ་​ཁྲུས་གསོལ་​གྱིས་​ཟིན་​ཡོ་ཧ་ནན་གྱིས་ཆོས་​བཤད་​དི་​དིག 4དེ་ནས་དཀོན་མཆོག་​གི་​ལུང་སྟོན་པ་​ཡེ་ཤ་ཡཱ་​ཟེར་མཁན་​གྱིས་བྲིས་​པི་​མདོ་​ནང་​དུ་ཡོ་ཧ་ནན་​གྱི་​སྐོར་​ལེ།
དབེན་སྟོང་​ལུང་པའི་​ནང་​ནས་​བརྒྱབ་པའི་​སྒྲ་དེས། །
ཇོ་བོའི་​ཕེབས་​ལམ་​དེ་གྲ་སྒྲིག་གྱིས་ཤིག །
ལམ་དེ་ཟང་བདེ་མོ་བཟོས་ཤིག །
5ལམ་​ཀྱག་ཀྱོག་དེ་བདེ་མོ་​བཟོས་​ཤིག །
ལམ་རྩུབ་པོ་དེ་ཀྱ་བདེ་མོ་བཟོས་ཤིག །
ཡུལ་ལུང་ཡེ་རེ་བཀང་བར་མཛད། །
རི་​ལུང་ཡེ་རེ་​ཆ་སྙོམས་པོ་​བཟོས་ཤིག །
6ཀུན་གྱིས་དཀོན་མཆོག་​གི་​ཐར་པ་​མཐོང་གྱི་དིག །
ཟིན་​བྲིས་འོད་དིག#3.6 ཚིགས་བཅད་འདི་ནི་ལུང་སྟོན་པོ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 40 ཨང་ 3-5 ནང་ལེ་གཟིགས་རོགས། 7ཡང་ཡོ་ཧ་ནན་​གྱིས་རང་གི་རྩ་ལ་ཁྲུས་གསོལ་​ལེན་​དུ་​འོང་​མཁན་​མི་ཚོགས་​དེ་ཀྱ་ལེ། དུག་སྦྲུལ་​གྱི་རིགས་ཁྱེད་​ཀྱ་​ལེ། མ་འོངས་པའི་​དུས་ལེ་ཐུགས་ཁྲོ་བའི་ཉེས་ཆད་དེ་ནས་འབྲོས་ཤིག་ཟིན་སུས་བ​རྡ་གཏོང་རྒྱུ། 8འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་སྤྱོད་པ་ངན་པ་ནས་​སེམས་​ཁུག་​ཏེ་​འབྲས་བུ་​དགའ་མོ་​སྨིན་དུ་ཆུག ཨབ་ར་ཧམ་ནི་​འུ་​ཀྱ་​ཀྱི་​མེས་མེས་​ཡིན་​མ་​བསམ་​ཤིག ཅི་​ལེ་​ཟེར་​ནི། ཨབ་ར་ཧམ་ནི་དཀོན་མཆོག་​གིས་བདམས་​གནང་བའི་མི་​ཞིག་​ཡིན་​དིག ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དཀོན་མཆོག་​གིས་​རྡོ་​འདི་ཀྱ་​ལེ་​ཟང་​ཨབ་ར་ཧམ་​གྱི་བུ་རྒྱུད་​བཟོ་​ཐུབ་​ཀྱི་དིག 9དཔེར་ན། ད་ལྟ་​ཁྱེད་​ཀྱ་​ནི་​སྡོང་པོ་​ཅོག་འདྲ་​ཡིན་​དི་​དིང་། སྡོང་པོའི་​རྩ་བ་​ལེ་​སྟ་རི་​བོར་​འོད་​དི་མ་ཟད། འབྲས་བུ་​མི་སྐྱེད་མཁན་​སྡོང་​པོ་ཡེ་རེ་​བཅད་​དེ་​མེ་​ལེ་​གཡུག་​གྱི་​དིག་​ཟིན་སྨྲས་ཕེན། 10མི་ཚོགས་​ཀྱ་ཀྱིས་​ཡོ་ཧ་ནན་ལེ། འོ་ནེ། ཉེད་​ཀྱ་​ཀྱིས་​ཅི་གི་ཞིག་​བགྱིད་​དགོས་​འོད་​དི་​གོ་​ཟིན་​དྲིས་​པི་དིག 11དེ་ནས་ཡོ་ཧ་ནན་​གྱིས་མི་དེ་ཀྱ་ལེ། རང་​ལེ་​གོས་ལག་​གཉིས་​འོད་​ནི། གཅིག་​དེ་གོས་གྱོན་རྒྱུ་​མེད་​མཁན་ལེ་​གཏོད་ཅིག ཡང་མི་སུ་ཞིག་ལེ་ཟ་མ་​འོད་​ནི། ཟ་མ་མེད་མཁན་དེ་ལེ་སྦྱིན་​ཞིག་ཟིན་སྨྲས་​པི་​དིག 12ཡང་དེ་རྒྱ་​ཁྲལ་​སྡུད་​མཁན་མི་​ཀྱ་​ཟང་​ཁྲུས་གསོལ་​ལེན་​དུ་​འོངས་ཏེ། ཡོ་ཧ་ནན་ལེ། སློབ་དཔོན། ཉེད་​ཀྱ་​ཀྱིས་ཟང་​ཅི་བགྱིད་དགོས་འོད་དི་གོ་ཟིན་དྲིས་ཕེན། 13ཡོ་ཧ་ནན་གྱིས་མི་དེ་ཀྱ་ལེ། ཁྲིམས་​ནང་ལེ་གཏན་ཁེལ་བྱས་​པའི་​ཁྲལ་དེ་རང་​མ་གཏོགས་​དེ་​ལས་​ལྷག་གི་ཁྲལ་སྡུད་མི་​ཆོག་​འོད་སྨྲས་པི་དིག 14ཡང་དམག་མི་​ཁ་ཤས་​ཀྱིས་ཟང་​ཁོང་​ལེ། འོ་ནེ། ཉེད་​ཀྱ་ཀྱིས་​ཅི་​གི་​བགྱིད་​དགོས་​འོད་​དི་​གོ་ཟིན་​དྲིས་​ཕེན། ཡོ་ཧ་ནན་གྱིས་ཁྱེད་ཀྱ་ཀྱིས་བཙན་དབང་​བཏང་​སྟེ་​དངུལ་​མ་​ཕྲོགས། མི་​སུ་​ལེ་​ཡིན་ནའང་​། གནོད་​མ་​སྐྱེལ། ཁྱེད་​ཀྱ་​ཀྱིས་རང་ལེ་ཐོབ་འོད་ཡོད་གླ་ཆ་དེ་​ལེ་​ཡིད་ཚིམ་པར་གྱིས་སྨྲས་པི་​དིག 15ཡང་​དེ་རྒྱ་​མི་​དེ་​ཀྱ་​ཀྱིས་​སྐྱབས་མགོན་​གང་​མགྱོགས་​ཕེབས་འོང་གྱི་དིག་ཟིན་​རེ་བའི་​ངང་​ནས་​སྒུག་​བསྡད་འོད་དིག ཡང་མི་དེ་ཀྱ་ཀྱི་ནང་མི་ཁ་ཤས་ཀྱིས་ཡོ་ཧ་ནན་ལེ། ཁྱེད་རང་ནི་སྐྱབས་མགོན་​དེ་ཡིན་དས་ཟིན་དྲིས་ཕེན། 16ཡོ་ཧ་ནན་​གྱིས་​མི་​དེ་​ཀྱ་​ལེ། ངས་​ཁྱེད་​ཀྱ་​ལེ་​ཆུ་པ་རྐྱང་གིས་​ཁྲུས་གསོལ་​བགྱིད་འོད། ཡིན་ནའང་། ངའི་​རྗེས་​ལེ་​ང་​ལས་ཟང་ལྷག་ཚོད་​མཐུ་སྟོབས་​ཆེ་​བ་ཞིག་ཕེབས་​འོང་གྱི་དིག ང་​རང་ནི་ཁོང་​གི་​རྐང་མཐིལ་​ལེ་​ཟང་​སླེབ་​ཀྱི་​མ་​དིག#3.16 གེ་རིག་གི་ཟེར་ལུགས་ནང་ལེ། ང་ནི་ཁོང་གི་ལྷམ་སྒྲོག་ཟང་འགྲོལ་མི་འོས་འོད་ཟིན་འོད་དིག ཡིན་ནའང་​། ཁོང་​གིས་​ཁྱེད་​ཀྱ་​ལེ་​དམ་པའི་​ཐུགས་ཉིད་​དིང་​མེས་​ཁྲུས་གསོལ་​གནང་​གྱི་དིག 17ཁོང་གིས་རང་གི་འབྲུ་སྒམ་ནང་​ལེ་​འབྲུ་​རིགས་​སྡུད་​རྒྱུ་​ཆེད་དུ། ཁོང་གི་ཕྱག་ལེ་ཁྲོ་​མ་​དིང་ལྕགས་ཁེམ་བསྣམ་​སྟེ་​གཡུལ་ལས་​བགྱིད་​དི་མ་ཟད། གཡུལ་ས་དེ་ཟང་གཙང་མ་དགའ་མོ་བཟོ་གནང་གྱི་དིག ཡིན་ནའང་། ཕན་ཐོགས་​མེད་མེད་​སྤུན་མ་​དེ་​ནི། མེ་ཐག་​ཆོད་​རྒྱུ་​མེད་མེད་མེའི་ནང་​ལེ་གཡུག་གྱི་​དིག་​ཟིན་སྨྲས་​པི་​དིག 18ད་རུང་དེ་མིན་པ་བསྐུལ་མ་བཏང་སྟེ། མི་​ཀྱ་​ལེ་གཏམ་བཟང་​བཤད་དི་​དིག 19ཡིན་ནའང་​། ས་གནས་​དཔོན་པོ་​ཧེ་རོ་དཱེ་ཁོས། རང་གི་ནུ་བོ་​ཕི་ལིབ་​ཀྱི་​བུད་མེད་​ཧེ་རོད་ཡཱ་​ཟེར་མཁན་​མོ་​ཕྲོགས་​པི་མ་ཟད། ད་རུང་​ལས་​ངན་མང་པོ་​བྱས་པའི་​རྐྱེན་​གྱི་​ཡོ་ཧ་ནན་​གྱིས་​ཧེ་རོ་དཱེ་​ལེ་​བཀའ་བཀྱོན་​གནང་​པི་དིག 20ཡིན་ནའང་། ཧེ་རོ་དཱེ་ཁོས་​ལས་​ངན་པ་​མང་པོ་བྱས་​པི་​མ་ཟད། ད་རུང་​ཁོས་ཡོ་ཧ་ནན་​བཙོན་​ལེ་བཅུག་པི་དིག
ཡེ་ཤུས་​ཁྲུས་གསོལ་བླངས་པ།
21ཡང་མི་ཡེ་རེ་​ཁྲུས་གསོལ་​ལེན་​རྒྱ། སྐྱབས་མགོན་​ཡེ་ཤུ་​ཟང་​ཁྲུས་གསོལ་​བླངས་ཏེ་གསོལ་བ་​སྨོན་ལམ་འདེབས་རྒྱ་ནམ་མཁའ་​ཕྱེ་གནང་སྟེ། 22དམ་པའི་​ཐུགས་ཉིད་​ནི་གཟུགས་དབྱིབས་ནང་ལེ་ཕུག་མོ་​འབབ་​འོང་གི་ཅོག་འདྲ། ཁོང་​གི་ལུས་ལྟག་ག་ལེ་​བབ་པི་​མ་ཟད། ཞིང་ཁམས་ནས། བི་སོའོ། ཁྱོད་ནི་ངའི་སྙིང་ཕྲུག་​ཡིན། ང་རང་ཁྱོད་ལེ་དགའ་སྤྲོ་​འཇུ་གུ་འོད་ཟིན་གསུང་སྐད་ཞིག་བྱུང་པི་དིག
ཡེ་ཤུའི་​རིགས་རྒྱུད་​སྐོར།
23ཡེ་ཤུས་རང་གི་ཡབ་ཀྱིས་གནང་བའི་ཕྱག་ལས་​དེ་འགོ་​འཛུགས་གནང་རྒྱ། ཁོང་​རང་དགུང་ལོ་​སུམ་ཅུ་​ཚོད་​ཡིན་​དིག མི་​ཀྱ་​ཀྱིས་​ཟང་​ཁོང་​ནི་​ཡོ་སེབ་​ཀྱི་​བི་ས་​ཡིན་​དིག་​ཟིན་​འོད་དིག ཡོ་སེབ་ནི། ཨེ་ལི་​ཟེར་མཁན་​གྱི་​བི་ས་​ཡིན་​དིག 24ཨེ་ལི་​ནི། མད་ཐད་​ཟེར་མཁན་​གྱི་​བི་ས་​ཡིན་​དིག མད་ཐད་​ནི། ལེ་ཝི་​ཟེར་མཁན་​གྱི་​བི་ས་​ཡིན་​དིག ལེ་ཝི་​ནི། མེལ་ཁེ་​ཟེར་མཁན་​གྱི་​བི་ས་​ཡིན་​དིག མེལ་ཁེ་​ནི། ཡན་ནཱ་​ཟེར་མཁན་​གྱི་​བི་ས་​ཡིན་​དིག ཡན་ནཱ་​ནི། ཡོ་སེབ་​ཟེར་མཁན་​གྱི་​བི་ས་​ཡིན་​དིག 25ཡོ་སེབ་​ནི། མད་ཐི་ཐི་ཟེར་མཁན་​གྱི་​བི་ས་​ཡིན་དིག མད་ཐི་ཐི་ནི། ཨ་མོ་ཟི་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨ་མོ་ཟི་​ནི། ནཱ་ཧུམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ནཱ་ཧུམ་​ནི། ཧེ་ཟི་ལེ་​ཟེར་མཁན་​གྱི་​བི་ས་​ཡིན་​དིག ཧེ་ཟི་ལེ་ནི། ནཱ་གེ་​ཟེར་མཁན་​གྱི་​བི་ས་​ཡིན་དིག 26ནཱ་གེ་​ནི། མ་ཧ་ཐཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག མ་ཧ་ཐཱ་​ནི། མད་ཐི་ཐི་​ཟེར་མཁན་​གྱི་​བི་ས་​ཡིན་དིག མད་ཐི་ཐི་ནི། སེ་མེ་​ཟེར་མཁན་​གྱི་​བི་ས་​ཡིན་དིག སེ་མེ་​ནི། ཡོ་སེག་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡོ་སེག་​ནི། ཡོ་དཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག 27ཡོ་དཱ་​ནི། ཡོ་ཧན་ནཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡོ་ཧན་ནཱ་​ནི། རེ་སཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག རེ་སཱ་​ནི། ཟེ་རུ་པ་པེལ་ཟེར་མཁན་​གྱི་​བི་ས་​ཡིན་དིག ཟེ་རུ་པ་པེལ་​ནི། ཤེ་ཨེལ་ཐི་ཨེལ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཤེ་ཨེལ་ཐི་​ཨེལ་ནི། ནེ་རི་​ཟེར་མཁན་​གྱི་​བི་ས་​ཡིན་དིག 28ནེ་རི་ནི། མེལ་ཁེ་​ཟེར་མཁན་​གྱི་​བི་ས་​ཡིན་དིག མེལ་ཁེ་ནི། ཨ་དཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨ་དཱ་​ནི། ཁོ་སམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཁོ་སམ་​ནི། ཨེལ་མོ་དཱམ་​ཟེར་​མཁན་​གྱི་​བི་ས་​ཡིན་དིག ཨེལ་མོ་དཱམ་​ནི། ཨེར་​ཟེར་མཁན་​གྱི་​བི་ས་​ཡིན་དིག 29ཨེར་ནི། ཡོ་ཤུ་ཨ་​ཟེར་མཁན་གྱི་​བི་ས་​ཡིན་དིག ཡོ་ཤུ་ཨ་​ནི། ཨེ་ལི་ཨེ་བཟིར་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨེ་ལི་ཨེ་བཟིར་​ནི། ཡོ་རིམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡོ་རིམ་​ནི། མད་ཐད་​ཟེར་མཁན་​གྱི་​བི་ས་​ཡིན་དིག མད་ཐད་​ནི། ལེ་ཝི་​ཟེར་མཁན་​གྱི་​བི་ས་​ཡིན་དིག 30ལེ་ཝི་​ནི། སི་མུ་ཨོན་​ཟེར་མཁན་​གྱི་​བི་ས་​ཡིན་དིག སི་མུ་ཨོན་​ནི། ཡུ་དཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡུ་དཱ་​ནི། ཡོ་སེབ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡོ་སེབ་​ནི། ཡོ་ནཱམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡོ་ནཱམ་​ནི། ཨེལ་ཡ་ཀིམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག 31ཨེལ་ཡ་ཀིམ་​ནི། མེ་ལེ་ཡཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག མེ་ལེ་ཡཱ་​ནི། མེན་ནཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག མེན་ནཱ་​ནི། མད་ཐ་ཐི་​ཟེར་མཁན་​གྱི་​བི་ས་​ཡིན་དིག མད་ཐ་ཐི་​ནི། ནཱ་ཐན་​ཟེར་མཁན་​གྱི་​བི་ས་​ཡིན་དིག ནཱ་ཐན་​ནི། དཱ་བིད་​ཟེར་མཁན་​གྱི་​བི་ས​་ཡིན་དིག 32དཱ་བིད་​ནི། ཡེ་སེ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡེ་སེ་​ནི། ཨོ་པེད་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨོ་པེད་​ནི། པོ་ཨ་ཟི་​ཟེར་མཁན་​གྱི་​བི་ས་​ཡིན་དིག པོ་ཨ་ཟི་​ནི། སལ་མོན་​ཟེར་མཁན་​གྱི་​བི་ས་​ཡིན་དིག སལ་མོན་​ནི། ནཱ་སོན་​ཟེར་མཁན་​གྱི་​བི་ས་​ཡིན་དིག 33ནཱ་སོན་​ནི། ཨ་མི་ན་དབ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨ་མི་ན་དབ་​ནི། ཨད་མན་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨད་མན་​ནི། རམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག རམ་ནི། ཧེ་ཟི་རོན་​ནི་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཧེ་ཟི་རོན་ནི། པེ་རེ་ཟི་ཟེར་མཁན་གྱི་བི་ས་ཡིན་དིག པེ་རེ་ཟི་ནི། ཡུ་དཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག 34ཡུ་དཱ་​ནི། ཡ་ཀོབ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡ་ཀོབ་​ནི། ཨི་སཱག་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨི་སཱག་​ནི། ཨབ་ར་ཧམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨབ་ར་ཧམ་​ནི། ཐེ་རཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཐེ་རཱ་​ནི། ནཱ་ཧོར་​ཟེར་མཁན་​གྱི་བི་ས་​ཡིན་དིག 35ནཱ་ཧོར་​ནི། སེ་རུག་​ཟེར་མཁན་​གྱི་​བི་ས་​ཡིན་དིག སེ་རུག་​ནི། རེའུ་​ཟེར་མཁན་​གྱི་​བི་ས་​ཡིན་དིག རེའུ་​ནི། ཕེ་ལེག་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཕེ་ལེག་​ནི། ཨེ་པེར་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨེ་པེར་​ནི། ས་ལཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག 36ས་ལཱ་​ནི། ཁེ་ནཱན་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཁེ་ནཱན་​ནི། ཨར་པག་སད་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨར་པག་སད་​ནི། ཤེམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཤེམ་​ནི། ནོ་ཨཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ནོ་ཨཱ་​ནི། ལཱ་མེག་​ཟེར་མཁན་​གྱི་​བི་ས་​ཡིན་དིག 37ལཱ་མེག་​ནི། མེ་ཐུ་ཟི་ལཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག མེ་ཐུ་ཟི་ལཱ་​ནི། ཧེ་ནོག་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཧེ་ནོག་​ནི། ཡཱ་རིད་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཡཱ་རིད་​ནི། མཱ་ཧ་ལཱ་ཨེལ་​ཟེར་མཁན་​གྱི་​བི་ས་​ཡིན་དིག མཱ་ཧ་ལཱ་ཨེལ་​ནི། ཀེ་ནཱན་​ཟེར་མཁན་​གྱི་​བི་ས་​ཡིན་དིག 38ཀེ་ནཱན་​ནི། ཨེ་ནོ་ཤཱ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨེ་ནོ་ཤཱ་​ནི། སེད་​ཟེར་མཁན་​གྱི་​བི་ས་​ཡིན་དིག སེད་ནི། ཨ་དམ་​ཟེར་མཁན་​གྱི་​བི་ས་​ཡིན་དིག ཨ་དམ་​ནི། དཀོན་མཆོག་​གིས་​བཀོད་གནང་ཕེན། ཁོ་རང་​དཀོན་མཆོག་​གི་​བི་ས་​དིང་​ཁྱད་​མེད་དིག །

Voafantina amin'izao fotoana izao:

ལུ་ཀཱ། 3: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra