ལུ་ཀཱ། 4
4
ལེའུ་བཞི་པ།
ཡེ་ཤུ་ལེ་ཉམས་ཚོད་བླངས་པ།
1དེ་ནས་སྐྱབས་མགོན་ཡེ་ཤུ་ལེ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་སྟེ་གཙང་པོ་ཡོར་དན་ནས་ཚུར་ལོག་ཕེབས་པི་དིང་། དམ་པའི་ཐུགས་ཉིད་ཀྱིས་སྐུལ་ཏེ་ཁོང་མི་མེད་ལུང་སྟོང་ཞིག་ཏུ་ཁྲིད་གནང་པི་དིག 2དེ་ནས་ཞག་པོ་བཞི་བཅུའི་རིང་ལེ་བདུད་ཀྱི་རྒྱལ་པོ་སཱ་ཏན་གྱིས་ཁོང་ལེ་ཉམས་ཚོད་བླངས་པི་དིག དེའི་དུས་ལེ་ཁོང་གིས་ཞག་པོ་བཞི་བཅུ་ཞལ་ལག་ཅི་གང་བཞེས་མ་གནང་པི་དིག དེ་ནས་ཞག་པོ་བཞི་བཅུ་རྫོགས་པའི་རྗེས་ལེ་ཁོང་གསོལ་གྲོད་འཇུ་གུ་ལྟོགས་པི་དིག 3དེ་ནས་བདུད་ཀྱིས་ཡེ་ཤུ་ལེ། གལ་སྲིད་ཁྱོད་རང་དཀོན་མཆོག་གི་སྲས་ཡིན་ནི། རྡོ་འདི་སྒོར་ཕྱེ་ལེ་འགྱུར་བའི་བཀའ་གཏོང་ཞིག་སྨྲས་ཕེན། 4ཡེ་ཤུས་དཀོན་མཆོག་གི་གསུང་རབ་ནང་ལེ་མི་ནི་སྒོར་ཕྱེ་པ་རྐྱང་ལེ་བརྟེན་ཏེ་འཚོ་མི་ཐུབ་འོད་དིག་ཟིན་བྲིས་འོད་དིག་ཟིན་གསུངས་པི་དིག#4.4 ཚིགས་བཅད་འདི་ནི། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 8 ཨང་ 3 ནང་ལེ་གཟིགས་རོགས། 5ཡང་བདུད་ཀྱིས་ཡེ་ཤུ་རི་མཐོན་པོ་ཞིག་གི་རྩེ་ལེ་ཁྲིད་དེ་འཇིག་རྟེན་གྱི་རྒྱལ་ཁམས་ཡེ་རེ་མིག་ཧྲིབ་ཚོད་ཞིག་ཁོང་ལེ་བསྟན་པི་མ་ཟད། 6ཁོས་ཡེ་ཤུ་ལེ། རྒྱལ་ཁམས་འདི་ཀྱ་ཀྱི་སྲིད་འཛིན་བགྱིད་རྒྱུ་དབང་ཆ་དིང་གཟི་བརྗིད་འདི་ཡེ་རེ་ཁྱོད་ལེ་སྟེར་རོ། ཅི་ལེ་ཟེར་ནི། འདི་ཡེ་རེ་སྔོན་མ་ནས་ངའི་ལག་ལེ་གཏད་འོད་ཕེན། ངས་སུ་ལེ་སྟེར་འདོད་འོད་ནི་དེ་ལེ་སྟེར་གྱི་ཡིན། 7གལ་སྲིད་ཁྱོད་ཀྱིས་ང་ལེ་ཕྱག་འཚལ་ནི། འདི་ཡེ་རེ་ཁྱོད་ཀྱི་དབང་ལེ་འོང་གྱི་དིག་སྨྲས་ཕེན། 8ཡེ་ཤུས་དཀོན་མཆོག་གི་གསུང་རབ་ནང་ལེ། ཇོ་བོ་དཀོན་མཆོག་ལེ་ཕྱག་འཚོལ། ཁོང་རང་པ་རྐྱང་ལེ་བསྙེན་བཀུར་བྱས་ཏེ་ཞབས་ཕྱི་བགྱིད་དགོས་འོད་དིག་ཟིན་བྲིས་འོད་དིག་ཟིན་གསུངས་པི་དིག#4.8 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 6 ཨང་ 13 ནང་ལེ་གཟིགས་རོགས། 9ཡང་བདུད་ཀྱིས་ཡེ་ཤུ་ཡེ་རུ་ས་གླིང་རྒྱལ་ས་ལེ་ཁྲིད་དེ། མཆོད་ཁང་གི་རྩེ་ལེ་སྡོད་དུ་བཅུག་པི་མ་ཟད། གལ་སྲིད་ཁྱོད་རང་དཀོན་མཆོག་གི་སྲས་ཡིན་ནི་འདི་ནས་མར་མཆོངས་ཤིག 10ཅི་ལེ་ཟེར་ནི། གསུང་རབ་མདོ་ནང་ལེ།
དཀོན་མཆོག་གིས་རང་གི་ཕོ་ཉ་ཀྱ་ལེ། །
ཁྱོད་ལེ་སྐྱོབ་དགོས་པའི་བཀའ་གནང་སྟེ། །
11ཁྱོད་ཀྱི་རྐང་པ་རྡོ་ལེ་མི་ཐུག་གི་ཆེད་དུ། །
ཕོ་ཉ་ཀྱ་ཀྱིས་ཁྱོད་རང་ཡར་འདེགས་ཀྱི་དིག །
ཟིན་བྲིས་འདུག་སྨྲས་པི་དིག#4.11 ཚིགས་བཅད་འདི་ནི། གསུང་མགུར་ལེའུ་ 91 ཨང་ 11-12 ནང་ལེ་གཟིགས་རོགས། 12ཡང་ཡེ་ཤུས་དཀོན་མཆོག་གི་གསུང་རབ་ཀྱི་མདོ་ནང་ལེ། རང་གི་ཇོ་བོ་དཀོན་མཆོག་ལེ་ཉམས་ཚོད་མ་ལེན་ཟིན་བྲིས་འོད་དིག་ཟིན་གསུངས་པི་དིག#4.12 ཚིགས་བཅད་འདི་ནི། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 6 ཨང་ 16 ནང་ལེ་གཟིགས་རོགས། 13དེ་ནས་བདུད་ཀྱིས་གཡོ་སྒྱུ་ཐབས་ཤེས་སྣ་ཚོགས་ཀྱི་བརྒྱུད་ནས་ཡེ་ཤུ་ལེ་ཉམས་ཚོད་བླངས་ཚར་རི་རྗེས་ལེ། ཡང་དང་ཉམས་ཚོད་ལེན་རྒྱུ་གོ་སྐབས་མ་འཐོབ་པར་དུ་ཁོང་དིང་ཁ་བྲལ་ལི་དིག
ཡེ་ཤུས་ག་ལིལ་ལུང་པ་ལེ་ཆོས་གསུང་རྒྱུ་འགོ་བཙུགས་པ།
14དེ་ནས་ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱི་མཐུ་ནུས་བརྒྱུད་ནས་རང་འཇགས་ག་ལིལ་ལུང་པ་ལེ་ལོག་ཕེབས་ཕེན། ག་ལིལ་ལུང་པའི་མཐའ་འཁོར་ཡུལ་ཡེ་རེ་ལེ་ཁོང་གི་མཚན་སྙན་གྲགས་དེ་ཁྱབ་པི་དིག 15ཡང་ཁོང་གིས་ག་ལིལ་ལུང་པ་ལེ་འོད་ཡོད་ཡ་ཧུ་དཱ་པའི་ཚོགས་ཁང་ཡེ་རེ་ལེ་ཆོས་གསུངས་གནང་ཕེན། མི་ཀྱ་ཀྱིས་ཁོང་ལེ་བསྟོད་པ་འབུལ་གྱོ་འོད་དིག 16ཡང་ཁོང་རང་འཚར་ལོངས་བྱུང་ས་ནཱ་ཙ་རེལ་ཡུལ་ལེ་ཕེབས་ཏེ། ནམ་རྒྱུན་ཅོག་འདྲ་ངལ་གསོ་བའི་ཉིན་མོ་ལེ། ཁོང་རང་ཚོགས་ཁང་ལེ་ཕེབས་ཏེ། གསུང་རབ་ཀྱི་མདོ་ཀློག་རྒྱུ་ཆེད་དུ་ཡར་ལེ་བཞེངས་རྒྱ། 17མི་ཞིག་གིས་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་དེ། ཁོང་ལེ་ཕུལ་ཏེ། ཁོང་གིས་ཟང་མདོ་འདི་ཁ་ཕྱེ་སྟེ་གཟིགས་གནང་པི་དིག 18-19དེ་ནས་མདོ་དེའི་ནང་ལེ།
སྤྲང་པོ་ཀྱ་ལེ་གཏམ་བཟང་ཤོད་རྒྱུ་ཆེད་དུ། །
ཇོ་བོའི་ཐུགས་ཉིད་ང་ལེ་གནས་པར་མཛད། །
བཙོན་པ་ཀྱ་ཐར་པི་དིང་ཞ་ར་ཀྱ་མཐོང་ཐུབ། །
དཀའ་ངལ་གྱིས་གནོན་པ་ཀྱ་སྐྱོབ་རྒྱུ་ཡིན་དི་དིང་། །#4.18-19 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 61 ཨང་ 1-2 ནང་ལེ་གཟིགས་རོགས།
དཀོན་མཆོག་གི་ཐུགས་རྗེའི་དུས་བཟང་པོ་དེ་ནི། །
སླེབས་འགྲོ་བ་ཡིན་དི་ཁྱབ་བསྒྲགས་བགྱིད་རྒྱུ་ལེ། །
ཇོ་བོ་ཁོང་གིས་ང་ལེ་བསྐོས་ཏེ་བརྫངས་པི་དིག །
ཟིན་བྲིས་པི་དེ་སྒྲོགས་པི་དིག 20དེའི་རྗེས་ལེ་ཁོང་གིས་ཤོག་སྒྲིལ་གྱི་མདོ་དེ་ཕར་ཚོགས་ཁང་གི་གཉེར་པ་ལེ་གཏད་དེ། ཁོང་རང་མར་བཞུགས་གནང་པི་དིག ཡང་ཚོགས་ཁང་ནང་ལེ་འོད་ཡོད་མི་ཡེ་རེས་ཟང་ཁོང་ལེ་མིག་ཧྲིག་གེས་བལྟས་ཏེ་བསྡད་འོད་ཕེན། 21ཁོང་གིས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་གསུང་རབ་འདི་རྣ་བས་ཐོས་པའི་བརྒྱུད་ནས་ལུང་བསྟན་འདི་གྲུབ་པི་དིག་ཟིན་གསུངས་ཕེན། 22མི་ཡེ་རེས་ཁོང་ལེ་བསྟོད་པ་འབུལ་ལི་དིང་། ཁོང་གི་ཞལ་ནས་ཐུགས་རྗེའི་གསུང་དེ་ཐོས་ཕེན་ཡ་མཚན་སྐྱེས་ཏེ། མི་དེ་ཀྱ་ཀྱིས་ཁོ་ཡོ་སེབ་ཀྱི་བི་ས་མ་གས་ཟིན་ཕན་ཚུན་བར་ལེ་ལབ་གླེང་བགྱིད་འོད་དིག 23ཡང་ཁོང་གིས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཨེམ་ཆི་རང་གིས་རང་ལེ་གསོ་ཀྱི་དིག་ཟེར་རི་གཏམ་དཔེ་དེ་ང་ལེ་ཟེར་རི་ཉེན་ཁ་འོད་དི་མ་ཟད། ཁྱོད་ཀྱིས་ཀ་ཕར་ན་ཧུམ་ཡུལ་ལེ་ཅི་བྱས་པི་དེ་ཅོག་འདྲ། རང་གི་ཕ་ཡུལ་འདི་རུ་ཟང་གྱིས་ཟིན་ང་ལེ་ཟེར་གྱི་དིག 24ང་ཁྱེད་ཀྱ་ལེ་བདེན་པར་ཟེར་རོ། ལུང་སྟོན་པ་སུ་ཞིག་ལེ་ཟང་རང་གི་ཕ་ཡུལ་ནས་བརྩི་བཀུར་འཐོབ་ཀྱི་མ་དིག 25དོན་ངོ་ཐོག་བྱས་ནི་ལུང་སྟོན་པ་ཨེ་ལི་ཡཱའི་དུས་ལེ། ལུང་པ་ཡེ་རེ་ལེ་གནམ་ནས་ཆར་ཆུ་མེད་དི་ལོ་གསུམ་དིང་ཟླ་བ་དྲུག་རིང་ལེ་མུ་གེ་ཆེན་པོ་བྱུང་རྒྱ། ཡི་སི་ར་ཨེལ་ལུང་པ་ལེ་ཡུགས་མོ་མང་པོ་འོད་ནའང་། 26དཀོན་མཆོག་གིས་ལུང་སྟོན་པ་ཨེ་ལི་ཡཱ་ཁོང་རང་ནི་ཡུགས་མོ་དེ་ཀྱ་འོད་ས་ལེ་མ་བརྫངས་པི་དིག ཚི་དོན་ལུང་པའི་ནང་ལེ་འོད་ཡོད་སཱ་རེབ་ཏཱ་ཟེར་རི་ཡུལ་གྱི་ནང་ལེ་སྡོད་མཁན་ཡུགས་མོ་ཀྱ་འོད་ས་ལེ་བརྫངས་པི་དིག 27ཡང་ལུང་སྟོན་པ་ཨེ་ལི་ཤཱ་ཟེར་རི་དུས་ལེ། ཡི་སི་ར་ཨེལ་པའི་ས་ཆ་ལེ་མཛེ་ནད་ཕོག་འོད་ཡོད་མང་པོ་འོད་ནའང་། དེ་ཀྱ་ནད་ནས་སྐྱབས་མ་གནང་སྟེ། སི་རི་ཡཱ་ཟེར་རི་ལུང་པ་ལེ་སྡོད་མཁན་ནེ་མན་ཟེར་མཁན་ཁོ་རང་མ་གཏོགས་ནད་པ་དེའི་ཀྱ་ནང་ནས་སུ་ལེ་ཟང་དྲག་གསོ་མ་གནང་པི་དིག་ཟིན་གསུངས་ཕེན། 28ཚོགས་ཁང་ལེ་འོད་ཡོད་མི་ཡེ་རེས་ལབ་འདི་ཐོས་ཏེ་ཞེ་སྡང་འཇུ་གུ་ལངས་པི་དིག 29ཡང་མི་དེ་ཀྱ་ཀྱི་ཡུལ་དེ་ནི་བྲག་རིའི་ལྡེབས་ཀྱ་ལེ་ཆགས་འོད་ཕེན། མི་དེ་ཀྱ་ཀྱིས་ཡེ་ཤུ་བྲག་རི་ནས་མར་ལེ་གཡུག་རྒྱུ་ཆེད་དུ་བྲག་གི་སྣེ་ལེ་ཁྲིད་དི་དིག 30ཡིན་ནའང་། ཁོང་རང་མི་ཚོགས་ཀྱི་འཚང་ག་དེའི་དཀྱིལ་ནས་ཐོན་ཏེ་ཤར་རེ་ཕེབས་གནང་པི་དིག
ཡེ་ཤུས་གདོན་འདྲེ་བཏོན་པ།
31ཡང་དེའི་རྗེས་ལེ་ཁོང་རང་ག་ལིལ་ལུང་པའི་ནང་ལེ་འོད་ཡོད་ཡུལ་ཀ་ཕར་ན་ཧུམ་ལེ་ཕེབས་ཏེ། ངལ་གསོ་བའི་ཉིན་མོ་དེ་ལེ་ཡ་ཧུ་དཱ་པའི་ཚོགས་ཁང་ནང་ལེ་མི་ཀྱ་ལེ་ཆོས་གསུངས་གནང་པི་མ་ཟད། 32ཁོང་གིས་གསུངས་པའི་ཆོས་དེ་ནི་དབང་ཆ་དིང་ནུས་མཐུ་ཆེན་པོས་ངང་ནས་གསུངས་ཕེན། ཉན་མཁན་ཀྱ་ཡེ་རེ་ཧ་ལས་ཆེན་པོ་བྱུང་པི་དིག 33དུས་དེ་རྒྱ་ཚོགས་ཁང་དེ་རུ་གདོན་འདྲེ་ཞུགས་པའི་མི་ཞིག་འོད་དིག མི་དེས་སྐད་ཆེན་པོས་ངང་ནས། 34ནཱ་ཙ་རེལ་གྱི་ཡེ་ཤུ། ཁྱོད་དིང་ཉེད་ཀྱ་བར་ལེ་འབྲེལ་བ་ཅི་འོད་དོ། ཁྱོད་ཀྱིས་ཉེད་ཀྱ་རྩ་མེད་གཏོང་དུ་འོངས་པི་ཡིན་དས། ཁྱོད་སུ་ཡིན་དི་ང་ལེ་ཆ་འོད། ཁྱོད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་དེ་ཡིན་དིག་སྨྲས་ཕེན། 35ཡེ་ཤུས་གདོན་འདྲེ་དེ་ལེ། ཁ་ཚུམས། མིའི་ཁོག་ནས་ཕྱི་ལེ་ཐོན་རྒྱུགས་ཟིན་བཀའ་བཀྱོན་གནང་ཕེན། གདོན་འདྲེ་དེ་མི་ཀྱ་ཀྱི་མཐོང་ས་ལེ་ཁོ་རང་འཛུལ་སའི་མི་དེ་ནི་ས་ལེ་བསྒྱེལ་དུ་བཅུག་སྟེ། མི་དེའི་ཁོག་ནས་ཐོན་བུད་དི་དིག ཡིན་ནའང་། མི་ཁོ་ལེ་སྐྱོན་ཞིག་ཟང་མ་བྱུང་པི་དིག 36དེ་ནས་དེ་རུ་འོད་ཡོད་མི་ཡེ་རེས་ཧ་ལས་ཏེ་ཕན་ཚུན་བར་ལེ་བཀའ་འདི་ཅི་གི་ཡིན་ནེ། ཁོང་གིས་དབང་ཆ་དིང་མཐུ་ནུས་པའི་བརྒྱུད་ནས་གདོན་འདྲེ་ཀྱ་ལེ་ཟང་བཀའ་གནང་པི་མ་ཟད། གདོན་འདྲེ་ཀྱ་ཟང་ཐོན་བུད་སོང་ཟིན་འོད་དིག 37དེ་ནས་ཁོང་གིས་མཛད་པའི་སྙན་གྲགས་དེ་མཐའ་འཁོར་གྱི་ཡུལ་ཀུན་ལེ་ཁྱབ་པི་དིག
ཡེ་ཤུས་མི་མང་པོའི་ན་ཚ་དྲག་ཏུ་བཅུག་པ།
38དེ་ནས་ཡེ་ཤུ་ཁོང་རང་ཚོགས་ཁང་ནས་ཕྱི་ལེ་ཐོན་པི་རྗེས་ལེ། སི་མོན་ཟེར་མཁན་གྱི་ཁྱིམ་ལེ་ཕེབས་གནང་པི་དིག དུས་དེ་རྒྱ་སི་མོན་གྱི་བུད་མེད་ཀྱི་ཨ་མ་ལེ་ཚ་བ་ཆེན་པོ་བར་འོད་ཕེན། ནང་མི་ཀྱ་ཀྱིས་ཨ་མའི་གནས་ཚུལ་དེ་ཡེ་ཤུ་ལེ་ཞུས་ཕེན། 39ཁོང་རང་ཨ་མའི་འགྲམ་ལེ་ཕེབས་ཏེ་ཚ་བ་ལེ་བཀའ་བཀྱོན་གནང་ཕེན་ཚ་བ་དེ་དྲག་པི་དིག ཡང་ཨ་མ་མོ་རང་ཟང་དེ་ལོང་མེད་ཡར་ལངས་ཏེ། ཁོང་ཀྱ་ལེ་ཞབས་ཕྱི་ཞུས་པི་དིག 40དེ་ནས་ཉི་མ་ནུབ་ཚོད་ལེ་མི་ཀྱ་ཀྱིས་ནད་རིགས་སྣ་མིན་སྣ་ཚོགས་ཕོག་འོད་ཡོད་དེ་ཀྱ་ཡེ་ཤུའི་དྲུང་དུ་ཁྲིད་འོངས་ཕེན། ཁོང་གིས་ནད་པ་དེ་ཀྱ་ཀྱི་ལུས་ལེ་ཕྱག་བོར་ཏེ་ཡེ་རེ་ནད་ནས་དྲག་ཏུ་བཅུག་པི་དིག 41ཡང་དེ་མ་ཟད་གདོན་འདྲེ་ཟང་མང་པོ་བཏོན་གནང་པི་དིག ཡང་གདོན་འདྲེ་དེ་ཀྱ་སྐད་ཤུགས་ཆེན་པོས་ངང་ནས། ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་དིག་ཟིན་འུར་སྒྲ་བརྒྱབ་པི་དིག ཡིན་ནའང་། ཁོང་གིས་གདོན་འདྲེ་དེ་ཀྱ་ལེ་བཀའ་བཀྱོན་གནང་སྟེ་ཁོང་གིས་གདོན་འདྲེ་དེ་ཀྱ་ལེ་ལབ་ཟེར་དུ་མ་བཅུག་པི་དིག ཅི་ལེ་ཟེར་ནི། གདོན་འདྲེ་དེ་ཀྱ་ཀྱིས་ཁོང་ནི། སྐྱབས་མགོན་ཡིན་དི་ཧ་གོ་འོད་དིག 42དེའི་སྔ་དྲོ་ནམ་ལངས་པི་དིང་། ཡེ་ཤུ་ཡར་བཞེངས་ཏེ་ས་དབེན་པོ་ཞིག་ལེ་ཕེབས་གནང་པི་དིག མི་ཚོགས་ཀྱ་ཀྱིས་ཁོང་ལེ་བཙལ་ཏེ་རྙེད་ཕེན། ཁོང་གི་དྲུང་དུ་འོངས་ཏེ། ཁྱེད་རང་ས་ཆ་གཞན་མ་ལེ་ཕེབས་མ་གནང་རོགས་ཟིན་ཞུས་ཏེ་འགེག་རྒྱུ་ཐབས་ཤེས་བྱས་པི་དིག 43ཡིན་ནའང་། ཁོང་གིས་མི་དེ་ཀྱ་ལེ། ང་ནི་དཀོན་མཆོག་གི་རྒྱལ་ཁབ་ཀྱི་གཏམ་བཟང་ཤོད་དུ་བརྫངས་པི་ཡིན་ཕེན། ངས་རྒྱལ་ས་གཞན་མ་ལེ་དཀོན་མཆོག་གི་རྒྱལ་ཁབ་ཀྱི་གཏམ་བཟང་དེ་ཤོད་དགོས་འོད་ཟིན་གསུངས་པི་རྗེས་ལེ། 44ཁོང་ཡ་ཧུ་དཱ་ལུང་པའི་ནང་ལེ་འོད་ཡོད་ཚོགས་ཁང་ལེ་མུ་མཐུད་དེ་ཕེབས་གནང་སྟེ་དཀོན་མཆོག་གི་གཏམ་བཟང་དེ་གསུངས་གནང་གྱོ་འོད་དིག །
Voafantina amin'izao fotoana izao:
ལུ་ཀཱ། 4: DLPO
Asongadina
Hizara
Dika mitovy
![None](/_next/image?url=https%3A%2F%2Fimageproxy.youversionapistaging.com%2F58%2Fhttps%3A%2F%2Fweb-assets.youversion.com%2Fapp-icons%2Fmg.png&w=128&q=75)
Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra
© 2023 Wycliffe Bible Translators, Inc. All rights reserved.