ལུ་ཀཱ། 6
6
ལེའུ་དྲུག་པ།
ངལ་གསོ་བའི་ཉིན་མོའི་སྐོར།
1ཡང་ངལ་གསོ་བའི་ཉིན་མོ་ཞིག་ལེ། ཡེ་ཤུ་དིང་སློབ་མ་ཀྱ་ཞིང་འགྲམ་བརྒྱུད་ནས་ཕེབས་རྒྱ། ཁོང་གི་སློབ་མ་ཀྱ་ཀྱིས་སྙེ་མ་བཏོགས་ཏེ་ལག་གས་འཕུར་འཕུར་བྱས་ཏེ་བཟས་ཕེན། 2ཕཱ་རུ་ཤི་པ་ཁ་ཤས་ཀྱིས་ཁྱེད་ཀྱ་ཀྱིས་ངལ་གསོ་བའི་ཉིན་མོ་འདི་ལེ། ཆོས་ཁྲིམས་ནང་ལེ་བགྱིད་མི་ཆོག་པའི་ལས་དེ་ཅི་ལེ་བགྱིད་དི་ཡིན་དོ་ཟིན་དྲིས་ཏེ། 3ཡེ་ཤུས་མི་དེ་ཀྱ་ལེ། དཱ་བིད་དིང་ཁོང་གི་འཁོར་གཡོག་ཀྱ་ལྟོགས་ཕེན། ཁོང་ཀྱ་ཀྱིས་ཅི་བྱས་འོད་མེད་དེའི་སྐོར་ལེ། ཁྱེད་ཀྱ་ཀྱིས་གསུང་རབ་ཀྱི་མདོ་ནང་ལེ་བཀླགས་མྱོང་མེད་དས། 4དཱ་བིད་ཀྱིས་དཀོན་མཆོག་གི་མཆོད་ཁང་ནང་མའི་ནང་ལེ་ཕྱིན་ཏེ། མཆོད་པ་ཕུལ་ལི་སྒོར་ཕྱེ་དེ་བཟས་པི་མ་ཟད། འཁོར་གཡོག་ཀྱ་ལེ་ཟང་བྱིན་དི་དིག ཆོས་ཁྲིམས་ཅོག་འདྲ་བྱས་ནི། སྒོར་ཕྱེ་དེ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་ཀྱིས་མ་གཏོགས་མི་གཞན་སུ་ཞིག་གིས་ཟང་ཟ་མི་ཆོག་འོད་དིག་ཟིན་གསུངས་པི་དིག#6.4 ཚིགས་བཅད་འདི་ནི་ལུང་སྟོན་པ་ཤ་མུ་ཨེལ་གྱིས་བྲིས་པའི་མདོ་དང་པོ་ལེའུ་ 21 ཨང་ 6 ནང་ལེ་གཟིགས་རོགས། 5ཡང་ཁོང་གིས་མིའི་བི་ས་ནི་ངལ་གསོ་བའི་ཉིན་གྱི་བདག་པོ་ཡིན་དིག་ཟིན་གསུངས་པི་དིག
ངལ་གསོ་བའི་ཉིན་མོ་ལེ་མི་ལག་ག་སྐྱོན་ཅན་ཞིག་དྲག་ཏུ་བཅུག་པ།
6ཡང་ངལ་གསོ་བའི་ཉིན་མ་གཞན་མ་ཞིག་ལེ། ཡེ་ཤུ་ཡ་ཧུ་དཱ་པའི་ཚོགས་ཁང་ལེ་ཕེབས་ཏེ་དེ་རུ་ཆོས་གསུངས་པི་དིག ཡང་དེ་རྒྱ་དེ་རུ་ལག་ག་གཡས་པ་སྐྱོན་ཅན་བྱུང་བའི་མི་ཞིག་འོད་དིག 7དེ་ནས་ཡེ་ཤུ་ལེ་ནག་ཉེས་འཛུགས་རྒྱུ་ཆེད་དུ། ཆོས་ཁྲིམས་མཁས་པའི་མི་ཀྱ་དིང་། ཕཱ་རུ་ཤི་པ་ཀྱ་ཀྱིས་ཡེ་ཤུས་ངལ་གསོ་བའི་ཉིན་མ་ལེ་ནད་པ་བཅོས་མི་བཅོས་སྐོར་ལེ་ནན་ཏན་བྱས་ཏེ་བལྟས་ཏེ་བསྡད་འོད་དིག 8ཡིན་ནའང་། ཁོང་གིས་མི་དེ་ཀྱ་ཀྱི་བསམ་ཚུལ་དེ་མཁྱེན་ཏེ། མི་ལག་ག་སྐྱོན་ཅན་ཁོ་ལེ། ཡར་ལངས་ཏེ་མི་ཚོགས་ཀྱི་མདུན་དུ་ཤོག་ཟིན་བཀའ་གནང་ཕེན། མི་དེས་ཁོང་གིས་གསུངས་པི་ཅོག་འདྲ་ཡར་ལངས་ཏེ་བསྡད་དི་དིག 9དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། དཀོན་མཆོག་གི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། ངལ་གསོ་བའི་ཉིན་མོ་ལེ་ལས་བཟང་པོ་བགྱིད་ཆོག་གྱོ་འོད་དི་གོ། ཡང་ནི། ལས་ངན་པ་བགྱིད་ཆོག་གྱོ་འོད་དི་གོ། སྲོག་སྐྱོབ་ཆོག་གྱོ་འོད་དི་གོ། ཡང་ནི་སྲོག་གཅོད་ཆོག་གྱོ་འོད་དི་གོ་ཟིན་དྲིས་པའི་རྗེས་ལེ། 10ཁོང་གིས་མི་དེ་ཀྱ་ལེ་དགའ་མོ་བྱས་ཏེ་གཟིགས་པི་མ་ཟད། མི་ལག་ག་སྐྱོན་ཅན་ཁོ་ལེ་ཟང་། ཁྱོད་ཀྱིས་ལག་ག་རྐྱོངས་ཤིག་ཟིན་གསུངས་ཕེན། ཁོས་ཟང་ལག་ག་བརྐྱངས་ལོང་མེད་དྲག་པི་དིག 11ཡིན་ནའང་། ཕཱ་རུ་ཤི་པ་ཀྱ་དོན་འདི་ལེ་ཁོང་ཁྲོ་འཇུ་གུ་ལངས་ཕེན། ཁོང་ཀྱ་ཀྱིས་ཡེ་ཤུ་ལེ་ཅི་ཞིག་བགྱིད་རྒྱུ་ཟིན་གྲོས་བྱས་པི་དིག
སློབ་མ་བཅུ་གཉིས་བདམས་པ།
12ཡང་ཉིན་མ་ཞིག་ཡེ་ཤུ་ཁོང་རང་རི་ཞིག་གི་ལྟག་ག་ལེ་ཕེབས་ཏེ། མཚན་གང་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་བཏབ་སྟེ་བཞུགས་པི་དིག 13དེ་ནས་ནམ་ལངས་པི་རྗེས་ལེ། ཁོང་གིས་རང་གི་རྗེས་འབྲང་པ་ཡེ་རེ་ཤོག་ཟིན་གསུངས་ཏེ། དེ་ཀྱ་ཀྱི་ནང་ནས་མི་བཅུ་གཉིས་བདམས་པི་མ་ཟད། མི་དེ་ཀྱ་ལེ་སྐུ་ཚབ་ཟིན་མིང་བཏགས་གནང་པི་དིག 14བདམས་པའི་མི་བཅུ་གཉིས་དེ་ཀྱ་ཀྱི་མིང་ནི། པེ་ཏྲོ་ཟིན་བཏགས་པའི་སི་མོན་ཟེར་མཁན་ཁོ་དིང་། ཁོའི་ནུ་བོ་ཨན་དྲི་ཡཱ་དིང་། ཡ་ཀོབ། ཡོ་ཧ་ནན། ཕི་ལིབ། པཱར་ཐོ་ལོ་མཱ། 15མད་ཐཱ། ཐོ་མཱ། ཨལ་ཕཱ་ཟེར་མཁན་གྱི་བི་ས་ཡ་ཀོབ། ཡང་རང་གི་མི་རིགས་ཡ་ཧུ་དཱ་པ་ལེ་རང་དབང་འཐོབ་རྒྱུ་ཆེད་དུ། བརྩོན་འགྲུས་ངང་ནས་རོ་མཱ་གཞུང་ལེ་ངོ་ལོག་བགྱིད་མཁན་སི་མོན་ཁོ་དིང་། 16ཡ་ཀོབ་ཀྱི་བི་ས་ཡུ་དཱ། ཡང་རྗེས་ལེ་ཡེ་ཤུ་དགྲའི་ལག་ལེ་གཏོད་མཁན་ཡུ་དཱ་ཨི་སི་ཀར་རེ་ཟེར་མཁན་དེ་ཀྱ་ཡིན་དིག
མི་མང་པོའི་ན་ཚ་དྲག་ཏུ་བཅུག་པ།
17-18དེ་ནས་ཡེ་ཤུ་དིང་སློབ་མ་ཀྱ་རི་ནས་མར་ལེ་ཕེབས་ཏེ་ཐང་ཀ་ཞིག་ཏུ་བཞུགས་གནང་པི་དིག དེ་རྒྱ་ཁོང་གི་རྗེས་འབྲང་པ་གཞན་མ་མང་པོ་ཞིག་འོད་དིག ཡང་དེ་མིན་པ་མི་ཚོགས་མང་པོ་ཞིག་ཟང་འོད་དིག མི་ཚོགས་དེ་ཀྱ་ནི་ཁོང་གིས་གསུངས་པོའི་ཆོས་ལེ་ཉན་རྒྱུ། རང་གི་ན་ཚ་དྲག་རྒྱུ་ཆེད་དུ་ཡ་ཧུ་དཱ་ལུང་པ་དིང་། ཡེ་རུ་ས་གླིང་རྒྱལ་ས་དིང་། རྒྱ་མཚོའི་འགྲམ་ལེ་ཆགས་འོད་ཡོད་རྒྱལ་ས་ཐཱ་ཨེར་དིང་། ཚི་དོན་ནས་འོངས་ཏེ་དེ་རུ་འཛོམས་པི་དིག ཡང་གདོན་འདྲེ་ཞུགས་པའི་མི་ཀྱ་ཟང་དེ་རུ་འོངས་ཕེན། ཡེ་ཤུས་མི་དེ་ཡེ་རེ་ལེ་དྲག་གསོ་གནང་པི་རྗེས་ལེ། 19མི་གཞན་མ་ཡེ་རེས་ཟང་རང་གི་ན་ཚ་དྲག་རྒྱུ་ཆེད་དུ། ཁོང་ལེ་ལག་ག་ཐུག་རྒྱུ་ལེ་ཐབས་ཤེས་བགྱིད་འོད་དིག ཅི་ལེ་ཟེར་ནི། ཡེ་ཤུ་ལེ་ན་ཚ་དྲག་གསོ་གནང་རྒྱུ་ནུས་མཐུ་འོད་དིག 20དེའི་རྗེས་ལེ་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ་གཟིགས་ཏེ།
སྤྲང་པོ་ཁྱེད་ཀྱ་བདེ་བ་ཆེའོ། །
དཀོན་མཆོག་གི་རྒྱལ་ཁབ་ནི། །
ཁྱེད་ཀྱ་ལེ་གནང་འོད་དིག །
21ད་ལྟ་བཀྲེས་སྐོམ་ཀྱ་བདེ་བ་ཆེའོ། །
ཁྱེད་ཀྱ་འགྲང་སྟེ་ལུད་ལུད་འོང་གྱི་དིག །
ད་ལྟ་ངུ་མཁན་ཀྱ་བདེ་བ་ཆེའོ། །
ཁྱེད་ཀྱ་ཀྱིས་གད་མོ་ཤོར་གྱི་དིག །
22མིའི་བི་སའི་རྗེས་ལེ་འབྲངས་པའི་རྐྱེན་གྱིས། །
མི་ཀྱ་ཀྱིས་ཁྱེད་ཀྱ་ལེ་དགྲ་སྡང་པོ་བགྱིད་ཀྱི་དིག །
དམའ་འབེབས་དིང་མཐོང་ཆུང་བགྱིད་རྒྱ། །
ཁྱེད་ཀྱ་ལེ་བདེ་བ་ཆེན་པོ་ཡིན་དིག །
23དོན་དེ་ཀྱ་འཕྲད་རྒྱ། ཁྱེད་ཀྱ་དགའ་སྤྲོའི་མཆོང་རྒྱང་སློང་གྱི་དིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་ནམ་མཁའི་ཞིང་ཁམས་ལེ་བསག་པའི་བྱ་དགའ་ཆེན་པོ་དེ་ཁྱེད་ཀྱ་ལེ་གནང་གྱི་དིག མཐོང་ཆུང་དིང་དམའ་འབེབས་བགྱིད་མཁན་མི་དེ་ཀྱ་ཀྱི་མེས་མེས་ཀྱ་ཀྱིས་དཀོན་མཆོག་གི་ལུང་སྟོན་པ་ཀྱ་ལེ་ཟང་འོ་དེ་གི་ཅོག་འདྲ་བགྱིད་མྱངས་འོད་དིག 24ཡིན་ནའང་།
རང་གི་རྒྱུ་ནོར་ལེ་སྐྱབས་བཅོལ་མཁན་ཕྱུག་པོ་ཀྱ་སྙིང་རྗེ། །
ད་ལྟའི་ཚེ་འདི་ལེ་ཁྱེད་ཀྱ་འདོད་པ་ཚིམས་ནའང་། །
རྗེས་ལེ་ཁྱེད་ཀྱ་ལེ་དཀའ་ངལ་ཆེན་པོ་འོང་གྱི་དིག །
25ད་ལྟའི་ཚེ་འདི་ལེ་འགྲངས་ཏེ་ཚིམས་ནའང་། །
རྗེས་ལེ་བཀྲེས་སྐོམ་གྱིས་དཀའ་ངལ་ཆེན་པོ་འོང་གྱི་དིག །
ད་ལྟ་གད་མོ་ཤོར་མཁན་ཀྱ་སྙིང་རྗེ། །
རྗེས་ལེ་མྱ་ངན་བྱས་ཏེ་ངུ་གྱི་དིག །
26མི་དེ་ཀྱ་ཀྱི་མེས་མེས་ཀྱིས་ལུང་སྟོན་པ། །
རྫུན་མ་ཀྱ་ལེ་བསྟོད་པ་ཕུལ་ལི་ཅོག་འདྲ། །
ད་ལྟ་མི་ཀུན་གྱིས་ཟང་ཁྱེད་ཀྱ་ལེ། །
བསྟོད་ར་གཏོང་གྱོ་འོད་ནའང་། །
རྗེས་ལེ་ཁྱེད་ཀྱ་ལེ་དཀའ་ངལ་འོང་གྱི་དིག །
ཟིན་གསུངས་པི་དིག
དགྲ་བོ་ཀྱ་ལེ་ཟང་བྱམས་པ་བགྱིད་དགོས་པའི་སྐོར།
27ཡང་ཁོང་གིས་ཁྱེད་ཉན་མཁན་ཀྱ་ལེ་ང་ཟེར་རོ། ཁྱེད་ཀྱ་ཀྱིས་རང་གི་དགྲ་བོ་ཀྱ་ལེ་བྱམས་པ་དིང་བརྩེ་བ་གྱིས་ཤིག ཁྱེད་ཀྱ་ལེ་དགྲ་སྡང་པོ་བགྱིད་མཁན་ཀྱ་ཀྱི་ཆེད་དུ་ཟང་ལས་བཟང་པོ་གྱིས་ཤིག 28ཁྱེད་ཀྱ་ལེ་དམོད་མོ་རྒྱག་མཁན་ཀྱ་ཀྱི་ཆེད་དུ་ཟང་། བྱིན་གྱིས་རླབས་པར་ཤོག་ཟིན་གསོལ་བ་སྨོན་ལམ་ཐོབ་ཅིག ཁྱེད་ཀྱ་ལེ་སྨད་ར་གཏོང་མཁན་ཀྱ་ཀྱི་ཆེད་དུ་ཟང་གསོལ་བ་སྨོན་ལམ་ཐོབ་ཅིག 29མི་སུ་ཞིག་གིས་ཁྱེད་ལེ་འགྲམ་ལྕག་གཞུ་ནི། མི་དེ་ལེ་ཁྱོད་ཀྱིས་འགྲམ་པ་གཞན་མ་དེ་ཟང་སྟོན་ཅིག ཡང་མི་སུ་ཞིག་གིས་ཁྱོད་ཀྱི་ཁ་གྱོན་ཕྲོགས་པི་ཡིན་ནི། མི་དེ་ལེ་ཁྱོད་ཀྱི་ནང་གོས་དེ་ཟང་འཁྱེར་དུ་ཆུག 30མི་སུ་ཞིག་གིས་ཁྱོད་ལེ་ཅི་ཞིག་སློང་གྱོ་འོད་ནི། མི་དེ་ལེ་སྦྱིན་དང་། ཡང་མི་སུ་ཞིག་གིས་ཁྱོད་ཀྱི་རྒྱུ་ནོར་དངོས་པོ་འཕྲོག་པི་ཡིན་ནི། དེ་ཚུར་ཁྱེར་ལེད་མ་ཟེར་ཅིག 31ཁྱེད་ཀྱ་ཀྱིས་མི་གཞན་ནས་ཅི་ཞིག་འཐོབ་འདོད་འོད་དི་ཅོག་འདྲ། མི་གཞན་ལེ་ཟང་འོ་དེ་གི་ཅོག་འདྲ་གྱིས་ཤིག 32ཁྱེད་ཀྱ་ཀྱིས་རང་ལེ་བྱམས་པ་བགྱིད་མཁན་ཀྱ་ལེ་པ་རྐྱང་བྱམས་པ་བྱས་ནི། ཁྱེད་ཀྱ་ལེ་འབྲས་བུ་ཅི་གི་བྱས་ཏེ་འཐོབ་རྒྱུ། ཅི་ལེ་ཟེར་ནི། མི་སྡིག་ཅན་ཀྱ་ཀྱིས་ཟང་རང་ལེ་བྱམས་པ་བགྱིད་མཁན་ལེ་བྱམས་པ་བགྱིད་འོད་དིག 33ཁྱེད་ཀྱ་ཀྱིས་ཟང་རང་ལེ་བཟང་པོ་བགྱིད་མཁན་ཀྱ་ལེ་པ་རྐྱང་བཟང་པོ་བྱས་ནི། ཁྱེད་ཀྱ་ལེ་འབྲས་བུ་ཅི་གི་བྱས་ཏེ་འཐོབ་རྒྱུ། ཅི་ལེ་ཟེར་ནི། མི་སྡིག་ཅན་ཀྱ་ཀྱིས་འོ་དེ་གི་ཅོག་འདྲ་བགྱིད་འོད་དིག 34ཁྱེད་ཀྱ་ཀྱིས་དངུལ་སྐྱིན་པ་ལེན་རྒྱུ་ཆེད་དུ། མི་གཞན་ལེ་གཡར་རི་ཡིན་ནི། ཁྱེད་ཀྱ་ལེ་ཅི་ཕན་ཐོགས་འདུག་གོ། ཅི་ལེ་ཟེར་ནི། སྐྱིན་པ་ཚུར་རང་འཇགས་ལེན་རྒྱུ་ཆེད་དུ། མི་སྡིག་ཅན་ཀྱ་ཀྱིས་ཟང་སྡིག་ཅན་ཀྱ་ལེ་གཡར་གྱོ་འོད་དིག 35ཡིན་ནའང་། ཁྱེད་ཀྱ་ཀྱིས་རང་གི་དགྲ་བོ་ཀྱ་ལེ་བྱམས་པ་དིང་བཟང་པོ་བགྱིད་དགོས་འོད་དིག ཁྱེད་ཀྱ་ཀྱིས་སྐྱིན་པ་ལེན་རྒྱུ་རེ་བ་མ་བྱས་ཏེ་མི་གཞན་ལེ་གཡར་རི་ཡིན་ནི། ཁྱེད་ཀྱ་ལེ་དཀོན་མཆོག་གིས་བྱ་དགའ་ཆེན་པོ་གནང་རྒྱུ་ཡིན་དི་མ་ཟད། ཁྱེད་ཀྱ་ནི་བླ་ན་མེད་པའི་དཀོན་མཆོག་གི་བི་ས་དིང་བུ་མོ་འོང་གྱི་དིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་ངན་པ་དིང་། བཀའ་དྲིན་མི་དྲན་མཁན་དེ་གཉིས་ཀ་ལེ་ཐུགས་རྗེ་གཟིགས་སྐྱོང་གནང་གྱོ་འོད་དིག 36ཁྱོད་ཀྱི་ཡབ་དཀོན་མཆོག་ནི་སྙིང་རྗེ་ཅན་ཡིན་དི་ཅོག་འདྲ། ཁྱོད་ཀྱིས་ཟང་མི་གཞན་ལེ་སྙིང་རྗེ་གྱིས་ཤིག་ཟིན་གསུངས་པི་དིག
གཞན་ལེ་སྐྱོན་འདོགས་བགྱིད་མི་དགོས་པའི་སྐོར།
37ཡང་ཁོང་གིས་ཁྱེད་ཀྱ་ཀྱིས་མི་གཞན་ལེ་ཁྲིམས་གཅོད་མ་བགྱིད། ཁྱེད་ཀྱ་ལེ་ཁྲིམས་གཅོད་ཕོག་གྱི་མ་དིག མི་གཞན་ལེ་སྐྱོན་འཛུགས་མ་བགྱིད། ཁྱེད་ཀྱ་ལེ་ཟང་སྐྱོན་འཛུགས་ཀྱི་མ་དིག ཁྱེད་ཀྱ་ཀྱིས་མི་གཞན་ལེ་དགོངས་ཡངས་གཏོང་དང་། དཀོན་མཆོག་གིས་ཁྱེད་ཀྱ་ལེ་ཟང་དགོངས་ཡངས་གནང་གྱི་དིག 38ཁྱེད་ཀྱ་ཀྱིས་མི་གཞན་ལེ་སྦྱིན་དང་། ཁྱེད་ཀྱ་ལེ་ཟང་གནང་གྱི་དིག ཁྱེད་ཀྱ་ཀྱིས་མི་གཞན་ལེ་སྣོད་ནང་ལེ་འབྲུ་ཁ་མཐོན་པོ་འབྱུར་རེ་བླུགས་ཏེ་བྱིན་ནི། ཁོས་ཟང་ཁྱོད་ཀྱིས་སྣོད་ཅི་གི་ཞིག་ནང་ལེ་བྱིན་དི་ཅོག་འདྲ། ཁྱེད་ཀྱ་ཀྱི་པང་ཁ་ལུད་ལུད་བླུག་གྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་སྣོད་ཅི་གི་ཞིག་གི་ནང་དུ་མི་གཞན་ལེ་བྱིན་ནི། དཀོན་མཆོག་གིས་ཟང་དེ་ལེ་ལྷག་ཚོད་ཁྱེད་ཀྱ་ལེ་གནང་གྱི་དིག་ཟིན་གསུངས་པི་དིག 39ཡང་ཁོང་གིས་དཔེ་གཞན་མ་ཞིག་གི་བརྒྱུད་ནས། ཁོང་གིས་མི་ཞ་ར་ཞིག་གིས་ཞ་ར་གཞན་མ་ལེ་ལམ་ཁྲིད་བགྱིད་ཐུབ་གྱོ་འོད་དི་གས། གལ་སྲིད་ཞ་ར་ཞིག་གིས་ཞ་ར་གཞན་མ་ཞིག་ལེ་ལམ་ཁྲིད་བྱས་ནི་གཉིས་ཀ་ས་དོང་ནང་ལེ་འགྱེལ་མི་འགྲོ་འོད་དི་གས། 40སློབ་མ་རང་གི་སློབ་དཔོན་ལས་མཐོ་བ་མ་དིག ཡིན་ནའང་། ཡོན་ཏན་མཐར་ཕྱིན་ཚར་རི་དེ་ཀྱ་ནི་སློབ་དཔོན་དིང་ཅོག་འདྲ་འོང་གྱི་དིག 41ཁྱེད་ཀྱིས་རང་གི་སྤུན་ཟླའི་མིག་ནང་ལེ་རྡུལ་མཐོང་གྱོ་འོད་ནི། རང་གི་མིག་ནང་ལེ་འོད་ཡོད་གདུང་མ་དེ་ཅི་ལེ་མི་མཐོང་འདུག་གོ། 42དང་པོ་རང་གི་མིག་ནང་ལེ་འོད་ཡོད་གདུང་མ་དེ་མ་མཐོང་པི་ཡིན་ནི། ཁྱོད་ཀྱིས་གཞན་གྱི་མིག་ནང་ལེ་འོད་ཡོད་རྡུལ་དེ། ངས་འདོན་འོ་ཟིན་ཅི་གི་བྱས་ཏེ་ཟེར་ཐུབ་རྒྱུ། ཁ་ཚིག་དོན་ལེ་མི་གནས་མཁན་ཁྱེད་ཀྱ་ཀྱིས་སྔོན་ལེ། རང་གི་མིག་ནང་ལེ་འོད་ཡོད་གདུང་མ་དེ་ཐོན་དང་། དེ་ནས་ཁྱོད་ཀྱིས་གཞན་གྱི་མིག་ནང་ལེ་འོད་ཡོད་རྡུལ་དེ་འདོན་རྒྱུ་ལེ་མིག་གསལ་པོ་མཐོང་ཐུབ་ཀྱི་དིག་ཟིན་གསུངས་པི་དིག
སྡོང་པོ་དིང་འབྲས་བུའི་དཔེ་སྐོར།
43ཡང་ཁོང་གིས་སྡོང་པོ་བཟང་པོ་ལེ་འབྲས་བུ་ངན་པ་སྐྱེ་སྲིད་ཀྱི་མ་དིག སྡོང་པོ་ངན་པ་ལེ་འབྲས་བུ་བཟང་པོ་སྐྱེ་སྲིད་ཀྱི་མ་དིག 44འོ་དེ་ལེ་བརྟེན་ཏེ། སྡོང་པོ་སོ་སོའི་འབྲས་བུ་དེ་ཅི་གི་ཡིན་མིན་ངོ་ཤེས་གྱོ་འོད་དིག ཡང་མི་སུ་ཞིག་གིས་ཟང་ཚེར་མའི་སྡོང་པོ་ནས་ཅུ་ལུ་གཏོགས་མི་སྲིད། ཡང་ཚེར་མའི་མེ་ཏོག་ནས་རྒུན་འབྲུམ་གཏོགས་མི་སྲིད་འོད་དིག#6.44 གེ་རིག་གི་ཟེར་ལུགས་ལེ། ཕིག་ཟེར་རི་ཤིང་ཏོག་ཟིན་བྲིས་འོད་དིག ཕིག་ཟེར་རི་སྡོང་པོ་དེ་ནི་ཁོང་གི་ལུང་པ་ལེ་སྐྱེ་འོད་དིག ཡང་ཤིང་ཏོག་དེ་ནི་ཅུ་ལུ་འདྲ་མོ་འོད་དི་མ་ཟད། བསྐམས་ཏེ་ཟང་ཟ་འོད་དིག ཡང་དིག་ལ་ཟང་ཟ་འདོ་དིག 45འོ་དེ་ཅོག་འདྲ། མི་བཟང་པོ་ཞིག་གིས་སེམས་ཀྱི་བང་མཛོད་བཟང་པོ་ནས་བཟང་པོ་འདོན་གྱོ་འོད་དིག ཡང་མི་ཞིག་གིས་སེམས་ཀྱི་བང་མཛོད་ངན་པ་ནས་ངན་པ་འདོན་གྱོ་འོད་དིག ཅི་ལེ་ཟེར་ནི། སེམས་ནང་ལེ་ཅི་འོད་ཡོད་དེ་ཕྱི་ལེ་འཐོན་འོང་གྱི་དིག་ཟིན་གསུངས་པི་དིག
བཟོ་བ་མཁས་པ་དིང་རྨང་གཞི་དཔེ་སྐོར།
46ཡང་ཁོང་གིས་ཁ་ནས་ཇོ་བོ། ཇོ་བོ་སྨྲས་ནའང་། ངས་ཅི་སྨྲས་པི་ཅོག་འདྲ་ཅི་ལེ་མི་བགྱིད་དི་ཡིན་དོ། 47ངའི་མདུན་དུ་འོངས་ཏེ་ངའི་བཀའ་ཐོས་པི་དིང་ཅོག་འདྲ་བགྱིད་མཁན་མི་དེ་ཅི་གི་ཞིག་ཡིན་མིན་དེ་ངས་ཁྱེད་ཀྱ་ལེ་སྟོན་ནོ། 48མི་དེ་ནི་ཁང་པ་བཟོ་མཁན་དིང་ཅོག་འདྲ་ཡིན་དིག ཁོས་ས་གཏིང་རིང་པོ་བསློགས་ཏེ་བྲག་ཆེན་པོའི་རྨང་གཞི་བཏིང་སྟེ་བརྟན་པོ་བཟོས་པའི་ཁང་པ་དིང་ཅོག་འདྲ་ཡིན་དིག ཡང་ཁང་པ་དེ་ལེ་ཆུ་ལོག་ཕོག་ནའང་། ཁང་པ་དེའི་རྨང་གཞི་ནི་བརྟན་པོ་འོད་ཕེན་གཡོ་མི་འགྲོ་འོད་དིག 49ཡིན་ནའང་། མི་སུ་ཞིག་གིས་ངས་བཀའ་ཐོས་ཏེ་དེ་ཅོག་འདྲ་ལག་ལེན་མི་བགྱིད་མཁན་མི་དེ་ནི། རྨང་གཞི་མ་བཏིང་སྟེ་རྩིག་པ་བརྩིགས་པའི་ཁང་པ་དིང་ཅོག་འདྲ་ཡིན་ཕེན། ཁང་པ་དེ་ལེ་ཆུ་ལོག་ཕོག་ལོང་མེད་ཁང་པ་དེ་རྡིབ་སྟེ་རྩ་བ་ནས་ཞིག་འགྲོ་གྱི་དིག་ཟིན་གསུངས་པི་དིག །
Voafantina amin'izao fotoana izao:
ལུ་ཀཱ། 6: DLPO
Asongadina
Hizara
Dika mitovy
![None](/_next/image?url=https%3A%2F%2Fimageproxy.youversionapistaging.com%2F58%2Fhttps%3A%2F%2Fweb-assets.youversion.com%2Fapp-icons%2Fmg.png&w=128&q=75)
Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra
© 2023 Wycliffe Bible Translators, Inc. All rights reserved.