Kisary famantarana ny YouVersion
Kisary fikarohana

ལུ་ཀཱ། 7

7
ལེའུ་བདུན་པ།
དམག་མི་​བརྒྱ་དཔོན་གྱི་​དད་པའི་སྐོར།
1ཡེ་ཤུས་​མི་ཚོགས་ཀྱ་ལེ་​བཀའ་​འདི་​ཡེ་རེ་​གསུངས་​ནུས་​པའི་རྗེས་​ལེ། ཀ་ཕར་ན་ཧུམ་​ཟེར་​རི་​ལུང་པ་ལེ་ཕེབས་​གནང་པི་​དིག 2ལུང་པ་དེ་རུ་​དམག་མི་​བརྒྱ་དཔོན་​ལེ་རྩིས་འདང་ཆེན་པོ་​བགྱིད་མཁན་​གཡོག་པོ་​ཞིག་​འོད་དི་དིག ཡིན་ནའང་། གཡོག་པ་ཁོ་ལེ་ན་ཚ་​ཕོག་​སྟེ་​ཤི་​ལྷག་​འོད་​དིག 3ཡང་བརྒྱ་དཔོན་​ཁོས་​ཟང་ཡེ་ཤུའི་​སྐོར་ལེ་​ཐོས་​ཕེན། ཁོས་རང་གི་​གཡོག་པོའི་​སྲོག་​སྐྱོབ་རྒྱུ་ཆེད་དུ། ཡ་ཧུ་དཱ་པའི་​དཔོན་རིགས་​ཀྱི་རྒན་​མི་​ཁ་ཤས་ཤིག་ཡེ་ཤུ་​འོད་​ས་​ལེ་​བརྫངས་​པི་​མ་ཟད། 4མི་དེ་ཀྱ​་ཡེ་ཤུའི་དྲུང་​དུ་​སླེབས་ཕེན། ཡེ་ཤུ་ལེ། ཁྱེད་ཀྱིས་བརྒྱ་དཔོན་ཁོང་ལེ། ཐུགས་རྗེ་གཟིགས་ཆོག་འོས་​པ་​ཞིག་​ཡིན་དིག 5ཅི་ལེ་ཟེར་ནི། ཁོང་གིས་​ཉེད་ཀྱ་ཀྱི་​མི་རིགས་​ལེ་​བྱམས་སྙིང་རྗེ་​བྱས་པི་མ་ཟད། ཚོགས་ཁང་དེ་​ཟང་​བཞེངས་​རོགས་བྱས་པི་དིག་ཟིན་ཞུས་པི་དིག 6དེ་ནས་ཡེ་ཤུ་ཟང་​མི་​དེ་​ཀྱ་​དིང་​སྐྱེན་​ལེ་​ཕེབས་གནང་སྟེ། བརྒྱ་དཔོན་གྱི་​ཁྱིམ་​གྱི་ཉེ་འགྲམ་​ལེ་འགྲོ་རྒྱ། བརྒྱ་དཔོན་​ཁོས་​རང་གི་རོགས་པོ་​ཁ་ཤས་​ཁོང་​གི་​དྲུང་​དུ་​བརྫངས་​ཏེ། ཇོ་བོ། ཁྱེད་​ལེ་​འོ་བརྒྱལ་​བཟོ་གྱི་མན། ཅི་ལེ་ཟེར་ནི། ང་ནི་ཡ་ཧུ་དཱ་པའི་མི་ཞིག་མན་ཕེན། ངས་ཁྱེད་རང་ངའི་ཁྱིམ་ལེ་ཕེབས་སུ་ཞུ་མི་འོས་འོད་དི་མ་ཟད། 7ཡང་ང་རང་ཟང་ཁྱེད་​ཀྱི་​སྐུ་མདུན་ལེ་བཅར་དུ་འོང་མི་འོས་པ་ཞིག་ཡིན་བསམས་ཕེན། ཁྱེད་​ཀྱིས་བཀའ་པ་རྐྱང་གསུངས་རོགས། ངའི་​གཡོག་པོའི་ན་ཚ་​དེ་དྲག་​འགྲོ་གྱི་​དིག 8ཅི་ལེ་ཟེར་ནི། ང་རང་​ཟང་​གཞན་​གྱི་​དབང་​འོག་​ཏུ་འོད། ཡང་ངའི་​དབང་​འོག་​ལེ་​ཟང་​དམག་མི་​འོད། དཔེར་ན། ངས་​མི་​ཀྱ་​ལེ་​རྒྱུགས་​སྨྲས་​ནི། དེ་ཀྱ་​འགྲོ་འོད་དིག ཡང་​མི་​ཞིག་​ལེ་​འདི་རུ་​ཤོག་​སྨྲས་​ནི། ཁོ་​ཟང་​འོང་​འོད་དིག ཡང་ངས་​གཡོག་པོ་​ཞིག་ལེ་​ལས་ཀ་​དེ་ནུས་པི་གྱིས་​ཤིག་ཟིན་སྨྲས་​ནི​། ཁོས་​ཟང་​ནུས་པི་བགྱིད་​འོད་དིག་​ཟིན་​ཞུས་ལེད་སྨྲས་ཏེ་ལོན་བསྐུར་རི་དིག 9དེ་ནས་​ཡེ་ཤུས་​ལབ་​དེ་ཐོས་ཏེ་​ཡ་མཚན་​སྐྱེས་ཕེན། ཞལ་​ཚུར་​འཁོར་​ཏེ་​རང་གི་​རྗེས་ལེ་​འབྲང་འོང་མཁན་​མི་ཚོགས་​དེ་ཀྱ་​ལེ། ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། ཡི་སི་ར་ཨེལ་​མི་རིགས་​ཀྱི་ནང་ལེ་དད་སེམས་​ཆེན་པོ་​འོད་​ཡོད་མི་འདི་ཅོག་འདྲ་ཞིག་ངས་​མཐོང་མ་མྱོང་​ཟིན་གསུངས་​པི་​དིག 10དེ་ནས་བརྒྱ་དཔོན་གྱིས་ཡེ་ཤུའི་དྲུང་དུ་བ​རྫངས་པའི་​མི་​ཀྱ་​ཕར་རང་འཇགས་བརྒྱ་དཔོན་གྱི་ཁྱིམ་​ལེ་​ལོག་ཕེན། གཡོག་པོའི་​ན་ཚ་​ཟང་​དྲག་​ཚར་​འོད་​དི་​ཁོང་ཀྱ་ཀྱིས་མཐོང་​པི་​དིག
ཤི་ཚར་རི་བི་ས་ཞིག་ཡང་དང་གསོན་དུ་བཅུག་པ།
11ཡང་དུས་ཡུན་ཁ་ཤས་བུད་དི་རྗེས་ལེ། ཁོང་​དིང་​སློབ་མ་ཀྱ་ནཱ་ཨིན་​ཟེར་​རི་​རྒྱལ་ས་ལེ་ཕེབས་​གནང་པི་​མ་ཟད། མི་ཚོགས་མང་པོ་ཞིག་ཟང་ཁོང་གི་སྐྱེན་ལེ་བུད་དི་དིག 12ཁོང་​ཀྱ་​རྒྱལ་ས་དེའི་རྒྱལ་སྒོའི་ཉེ་འགྲམ་​ལེ་སླེབས་རྒྱ། བི་ས་​གཅིག་རང་གཅིག་​འོད་ཡོད་ཡུགས་མོ་ཞིག་འོད་དིག དུས་དེ་རྒྱ་ཡུགས་མོའི་བི་ས་དེ་ཤི་ཕེན། རྒྱལ་ས་དེའི་མི་​ཀྱ་ཀྱིས་​ཟང་​བི་ས་དེའི་​རོ་​ཕྱི་ལེ་འཁྱེར་​འགྲོ་འོད་དི་མ་ཟད། 13ཇོ་བོ་ཡེ་ཤུས་​ཟང་ཡུགས་མོ་དེ་མཐོང་སྟེ། སྙིང་​རྗེ་ཆེན་པོ་སྐྱེས་ཏེ་ཁོང་གིས་མོ་​ལེ། མ་ངུ་ཟིན་གསུངས་པི་རྗེས་ལེ། 14ཁོང་རང་ཚུར་ཚོད་ཕེབས་འོངས་ཏེ་བི་སའི་རོ་འཁྱེར་ས་ཤིང་དེ་ལེ་ཕྱག་​ཐུག་​ཚོད་​བྱས་ལོང་མེད། རོ་​འཁྱེར་​མཁན་​ཀྱ་​ཟང་​ལངས་བསྡད་​དི་​དིག ཡང་ཁོང་​གིས། བི་སོའོ། ཡར་​ལོངས་​དང་ཟིན་གསུངས་​ཏེ།#7.14 གེ་རིག་གི་ཟེར་ལུགས་ནང་ལེ། མི་གཞོན་ནུ་ཟིན་འོད་དིག 15བི་ས་དེ་ཡང་དང་གསོན་པོ་བྱུང་སྟེ་ལབ་སྨྲས་ཕེན། ཡེ་ཤུས་​བི་ས་དེ་ཨ་མ་མོ་རང་ལེ་རང་འཇགས་གཏད་དི་དིག 16དེ་ནས་དེ་རུ་འོད་ཡོད་​མི་​ཡེ་རེས་གནས་ཚུལ་དེ་ལེ་ངོ་མཚར་སྐྱེས་ཏེ། དཀོན་མཆོག་​ལེ་​བསྟོད་པ་ཕུལ་​ཏེ། ཕན་ཚུན་​གཅིག་གིས་གཅིག་​ལེ་ལུང་སྟོན་པ་​རྩལ་ཆེན་​ཞིག་​འུའི་​ནང་​ལེ་​ཕེབས་​འདུག་​ཟིན་འོད་དི་མ་ཟད། དཀོན་མཆོག་​གིས་​རང་​གི་​མི་རིགས་​ཀྱ་​ལེ་ཐུགས་རྗེས་གཟིགས་གནང་པི་དིག་ཟིན་​འོད་དིག 17ཡེ་ཤུས་མཛད་པའི་གནས་ཚུལ་​དེ་ཡ་ཧུ་དཱ་​ལུང་པ་​ཡེ་རེ་དིང་། དེའི་མཐའ་​འཁོར་གྱི་ས་ཆ་ཡེ་རེ་ལེ་ཁྱབ་​པི་​དིག
ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​གྱི་སྐོར།
18ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​གྱི་​སློབ་མ་​ཀྱ་​ཀྱིས་​ཡོ་ཧ་ནན་ལེ་ཡེ་ཤུའི་​སྐོར་​གྱི་​གནས་ཚུལ་​དེ་​བཤད་​ཕེན། 19ཡོ་ཧ་ནན་​གྱིས་​རང་གི་སློབ་མ་​གཉིས་ལེ། རྗེས་ལེ་​ཕེབས་​འོང་​མཁན་​སྐྱབས་མགོན་​དེ། ཁྱེད་རང་​ཡིན་​དས། ཡང་ནི། ཉེད་​ཀྱ་​ཀྱིས་གཞན་མ་​ཞིག་​ལེ་​སྒུག་​དགོས་​འོད་​དི་​གོ་​ཟིན་​དྲིས་ལེད་སྨྲས་ཏེ་ཡེ་ཤུའི་རྩ་ལེ་བརྫངས་​པི་​དིག 20ཡང་སློབ་མ་​དེ་གཉིས་​ཟང་​ཡེ་ཤུའི་དྲུང་​དུ་​ཕྱིན་​ཏེ། ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་​གྱིས་​ཅི་​སྨྲས་​པི་ཅོག་འདྲ་​ཁོང་ལེ་ཞུས་​པི་​དིག 21དུས་དེ་རྒྱ་ཡེ་ཤུས་ནད་​རིགས་​སྣ་ཚོགས་​དྲག་​གསོས་​གནང་​པི་​མ་ཟད། གདོན་འདྲེ་​ཟང་ཐོན་​པི་མ་ཟད། མིག་ཞ་ར་​ཡིན་མཁན་ཀྱ་ཟང་མཐོང་​རྒྱུ་​འོད་ཡོད་​བཟོས་གནང་​པི་དིག 22ཡེ་ཤུས་ཁྲུས་​གསོལ་​བགྱིད་མཁན་​ཡོ་ཧ་ནན་གྱི་སློབ་མ་དེ་​གཉིས་​ལེ། ད་ཁྱེད་གཉིས་​རྒྱུགས། ཞ་ར་ཀྱ་མཐོང་​ཐུབ་པི་​དིང་། གོམ་པ་རྒྱག་མི་ཐུབ་མཁན་གོམ་པ་རྒྱག་​ཐུབ། མཛེ་ནད་ཕོག་པ་ཀྱ་​དྲག འོན་པ་ཀྱ་ཐོས་ཐུབ། གཤིན་པོ་​ཀྱ་​ཟང་​ཡང་དང་གསོན། སྤྲང་པོ་​ཀྱ་​ལེ་​གཏམ་བཟང་​ཐོས་​པི་​མ་ཟད། ཁྱེད་གཉིས་​ཀྱིས་​ཟང་ཅི་​མཐོང་​པི་དིང་ཅི་​ཐོས་​པི་ཡེ་རེ་​ཡོ་ཧ་ནན་​ལེ་​སྨྲོས་ཤིག 23ངའི་རྐྱེན་གྱིས་དད་པ་​མི་​ཉམས་​མཁན་​ཀྱ་བདེ་བ་​ཆེའོ་ཟིན་གསུངས་​པི་​དིག 24དེ་ནས་ཡོ་ཧ་ནན་​གྱིས་བ​རྫངས་​པའི་སློབ་མ་​གཉིས་​པོ་དེ་ཕར་རང་འཇགས་​ལོག་​པི་རྗེས་ལེ། ཡེ་ཤུས་​ཡོ་ཧ་ནན་​གྱི་​སྐོར་​མི་ཚོགས་​ཀྱ་​ལེ། དེ་​སྔོན​་ཁྱེད་​ཀྱ་​མི་མེད་ལུང་སྟོང་​ལེ་​ཅི་​ལྟ་རུ་​ཕྱིན་དོ། མི་​མགོ་​སླ་མོ་​ཞིག་​གིས་​ཅི་​བགྱིད་​འོད་མེད་དེ་​ལྟ་རུ་​ཕྱིན་​དས#7.24 གེ་རིག་གི་ཟེར་ལུགས་ལེ། འདམ་རྩྭ་ཞིག་རླུང་གིས་གར་གཡུགས་ལེ་མགོ་གཡུགས་བགྱིད་དི་དེ་ལེ་ལྟ་རུ་ཕྱིན་དས་ཟིན་བྲིས་འོད་དིག25འོ་ནེ། གོས་ཆེན་​གྱོན་​པའི་མི་​ཞིག་​ལེ་ལྟ་རུ་​ཕྱིན་​དོ། གོས་ཆེན་​གྱོན་​ཏེ་​སྤྲོ་སྐྱིད་​གཏོང་​མཁན་​མི་ཀྱ་ནི། རྒྱལ་པོའི་​ཕོ་བྲང་​ནང་​ལེ་​སྡོད་​གྱོ་​འོད་​དི་​མ་གས། 26ཁྱེད་​ཀྱ་ཀྱིས་ཅི་ཞིག་ལེ་​ལྟ་རུ་​ཕྱིན་དོ། འོ་ནི། དཀོན་མཆོག་​གི་​ལུང་སྟོན་པ་​ཞིག་​ལེ་ལྟ་རུ་​ཕྱིན་དས། གལ་སྲིད་དེ་གི་ཡིན་ནི། ང་ཁྱེད་ཀྱ་ལེ་ཟེར་རོ། ཡོ་ཧ་ནན་​ནི་​དཀོན་མཆོག་​གི་​ལུང་སྟོན་པ་​ཀྱ་ནང་​ནས་གལ་ཆེ་ཤོས་​ཡིན་དིག 27དཀོན་མཆོག་​གི་གསུང་རབ་​ནང་​དུ་ཡོ་ཧ་ནན་གྱི་སྐོར་ལེ།
ངའི་​ཕོ་ཉ་​ཁྱོད་ཀྱི་​སྔོན་​ལེ་​རྫོང་། །
ཁོས་​ཁྱེད་ཀྱི་ལམ་​གྲ་སྒྲིག་​བཟོ། །
ཟིན་​གསུངས་འོད་དིག#7.27 ཚིགས་བཅད་འདི་ནི་ལུང་སྟོན་པ་མཱ་ལ་ཀིས་བྲིས་པའི་མདོ་ལེའུ་ 3 ཨང་ 1 ནང་ལེ་ཟིགས་རོགས། 28ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། བུ་མའ་​ནས་སྐྱེས་པ་ཡེ་རེའི་​ནང་​ནས་​ཡོ་ཧ་ནན་​ལས་གལ་ཆེ་ཤོས་གཞན་སུ་​ཟང་​མེད། ཡིན་ནའང་​། མི་སུ་ཞིག་གིས་རང་གི་སེམས་ནང་ལེ། དཀོན་མཆོག་​གིས་དབང་འཛིན་བགྱིད་དུ་འཇུག་མཁན་མི་དེ་དཀྱུས་མ་ཞིག་ཡིན་ནའང་། མི་དེ་ནི་ཡོ་ཧ་ནན་ལས་ལྷག་ཚོད་གལ་ཆེ་ཤོས་​ཞིག་ཡིན་དིག་ཟིན་གསུངས་​པི་​དིག 29དེ་ནས་མི་​ཡེ་རེས་གསུང་འདི་ཐོས་པའི་​རྗེས་​ལེ། མི་​ཚོགས་​དིང་​ཁྲལ་སྡུད་མཁན་ཀྱ་​ཀྱིས་​ཟང་​། དཀོན་མཆོག་​གི་​དྲང་བདེན་​དེ་ལེ་​ཁས་​ལེན་བྱས་པི་​དིག ཅི་​ལེ་ཟེར་​ནི། ཁོང་​ཀྱ་​ཀྱིས་​ཡོ་ཧ་ནན་​ནས་ཁྲུས་གསོལ་​བླངས་པི་​དིག 30ཡིན་ནའང་​། ཕཱ་རུ་ཤི་པ་​དིང་​ཆོས་ཁྲིམས་​མཁས་པ་​དེ་ཀྱ་​ནི། ཡོ་ཧ་ནན་​ནས་​ཁྲུས་གསོལ་​ལེན་​མྱོང་​མེད་ཕེན། ཁོང་ཀྱ་ཀྱི་ཆེད་དུ་འོད་ཡོད་དཀོན་མཆོག་​གི་​ཐུགས་​དགོངས་དེ་ལེ་ཟང་ཁོང་ཀྱ་ཀྱིས་ཁས་​ལེན་མ་བྱས་པི་​དིག
31ཡང་ཡེ་ཤུས་དུས་རབས་​འདིའི་​མི་​ཀྱ་​ནི་ཅི་གི་​ཞིག་​དིང་​སྡུར་​རྒྱུ། མི་འདི་ཀྱ་​ནི་​ཅི་ཞིག་​དིང་​འདྲ་​བ་ཡིན་​གོ། 32དུས་རབས་འདིའི་མི་ཀྱ་​ནི་​ཁྲོམ་​སྲང་​ལེ་​ཕྲུ་གུ་​རྩེ་མོ་​རྩེ་མཁན་དིང་ཅོག་འདྲ་​ཡིན་དིག ཕྲུ་གུ་དེ་ཀྱ་ཀྱིས་​ཕན་ཚུན་བར་ལེ།
ཉེད་ཀྱ་ཀྱིས་ཁྱེད་ཀྱི་ཆེད་དུ་སྒྲ་​བརྙན་​རྡུང་​ནའང་​། །
ཁྱེད་ཀྱ་​ཀྱིས་ཞབས་བྲོ་​མ་​བརྒྱབ་​པི་​དིག །
ཉེད་​ཀྱིས་​ཁྱེད་ཀྱ་ཀྱི་ཆེད་དུ་སྐྱོ་གླུ་​བླངས་​ནའང་། །
ཁྱེད་​ཀྱ་​ཀྱིས་མ་ངུ་པི་དིག །
ཟེར་རི་དིང་ཅོག་འདྲ་ཡིན་དིག#7.32 གེ་རིག་གི་ཟེར་ལུགས་ནང་ལེ་གླིང་བུ་ཟིན་བྲིས་འོད་དིག 33ཅི་ལེ་ཟེར་ནི། ཁྲུས་​གསོལ་​བགྱིད་མཁན་ཡོ་ཧ་ནན་​འོངས་​ཏེ། སྒོར་ཕྱེ་མ་བཟས་པི་མ་ཟད། རྒུན་ཆང་​ཟང་​མ་བཏུངས་​པི་དིག ཡིན་ནའང་​། ཁྱེད་​ཀྱ་​ཀྱིས་​ཁོང་ལེ་​གདོན་འདྲེ་ཞུགས་​འདུག་སྨྲས་པི་དིག 34ཡང་མིའི་​བི་ས་​འོངས་​ཏེ་​བཟའ་བཏུང་​བྱས་ཕེན། ཁྱེད་​ཀྱ་​ཀྱིས་​ལྟོས་​དང་། མི་​དེ་​ནི་​ཤ་​དིང་​ཆང་​ལེ་​རྔམ་མཁན་ཞིག་ཡིན་དི་མ་ཟད། ཁྲལ་​སྡུད་​མཁན་​དིང་​མི་སྡིག་ཅན་​གྱི་​རོགས་པོ་ཡིན་དིག་ཟིན་​འོད་དིག 35ཡིན་ནའང་། ང་དིང་ཡོ་ཧ་ནན་ཉེད་གཉིས་ཀྱིས་བྱས་པའི་ལས་དེ་ནི། ཡང་དག་པའི་ཤེས་རབ་ཡིན་དི་དཀོན་མཆོག་གི་བུ་ཕྲུག་གིས་ཁུངས་སྐྱེལ་བགྱིད་འོད་དིག་ཟིན་གསུངས་པི་དིག
ཡེ་ཤུའི་​ཞབས་​ལེ་​སྤོས་​ཆུ་​བླུགས་པ།
36ཉིན་མ་ཞིག་ཕཱ་རུ་ཤི་པའི་མི་ཞིག་གིས་ཡེ་ཤུ་རང་གི་​ཁྱིམ་​ལེ་གདན་དྲངས་ཕེན། ཁོང་མི་དེའི་ཁྱིམ་ལེ་ཕེབས་ཏེ་མགོ་སྔས་ལེ་བསྙེས་ཏེ་གསོལ་བ་བཞེས་པི་​དིག#7.36 སྔས་མགོ་ལེ་བསྙེས་ཏེ་གསོལ་བ་བཞེས་རྒྱུ་དེ་ནི་ཡ་ཧུ་དཱ་པའི་ལུགས་སྲོལ་ཞིག་ཡིན་དིག 37ཡང་དེ་རྒྱ་རྒྱལ་ས་​དེ་རུ་​བུ་མའ་སྡིག་ཅན་​ཞིག་​འོད་དིག མོས་​ཡེ་ཤུ་ནི་ཕཱ་རུ་ཤི་པའི་​ཁྱིམ་​ལེ་བཞུགས་​འོད་དི་​ཧ་གོ་​ཕེན། སྤོས་ཆུས་གང་བའི་རྡོ་​ཀ་མ་རུའི་​བུམ་པ་​ཞིག་​ཁྱེར་​འོངས་​ཏེ། 38ཁོང་​གི་​རྒྱབ་​ཏུ་པུས་མོ་​བཙུགས་​ཏེ། ཁོང་གི་ཞབས་​ཀྱི་རྩ་ལེ་​འོངས་ཏེ་ངུས་​པི་​མ་ཟད། མོའི་མིག་ཆུའི་​ཁོང་​གི་​ཞབས་​རློན་པ་​བྱུང་​ཕེན། མོ་རང་གི་སྐྲས་ཁོང་གི་ཞབས་ཕྱིས་ཏེ། ཞབས་​ལེ་​ཐོད་པ་​གཏུགས་ལས་​གཏུགས་ལས་​བྱས་​ཏེ། དྲི་ཞིམ་གྱི་སྤོས་ཆུ་​དེ་​ཁོང་​གི་​ཞབས་ལེ་​བླུགས་​པི་​དིག 39ཡང་ཁོང་​ལེ་​མགྲོན་པོ་འབོད་​མཁན་ཕཱ་རུ་ཤི་པ་ཁོས་དོན་དེ་​མཐོང་​སྟེ། གལ་སྲིད་​མི་​འདི་​ལུང་སྟོན་པ་​ཞིག་​ཡིན་​ནི། རང་​ལེ་​ལག་ག་འཇུས་མཁན་​བུ་མའ་​འདི་​སུ་ཡིན་མིན་དིང་། ཅི་གི་ཞིག་​ཡིན་​མིན་དིང་། ཡང་མོ་རང་ནི་སྡིག་ཅན་ཞིག་ཡིན་དི་མཁྱེན་​གྱི་​དིག་​བསམས་​པི་​དིག 40ཡིན་ནའང་། ཡེ་ཤུས་མི་དེའི་སེམས་ཚུལ་དེ་མཁྱེན་གནང་སྟེ། ཡེ་ཤུས། སི་མོན། ང་​ཁྱོད་​ལེ་​ལབ་ཞིག་​ཟེར་​རྒྱུ་​འོད་​ཟིན་གསུངས་​ཕེན། ཁོས་ཟང་སློབ་དཔོན། གསུངས་རོགས་ཟིན་ཞུས་ཕེན 41ཡེ་ཤུས། བུ་ལོན་​གཏོང་​མཁན་​མི་​ཞིག་​ལེ་​བུ་ལོན་​ལེན་​རྒྱུ་​འོད་ཡོད་མི་​གཉིས་​འོད་དིག མི་​གཅིག་​ལེ་​དངུལ་གྱི་སྒོར་མོ་ལྔ་བརྒྱ་​དིང་། ཡང་​མི་​གཅིག་​ལེ་​དངུལ་གྱི་སྒོར་མོ་ལྔ་བཅུ་​བུ་ལོན་​ལེན་​རྒྱུ་​འོད་དིག 42ཡིན་ནའང་​། མི་​འདི་​གཉིས་​ཀྱིས་​བུ་ལོན་​འཇལ་མ་​ཐུབ་​ཕེན། བུ་ལོན་​གྱི་བདག་པོ་​དེས་​ཁོ་​གཉིས་​ལེ་​དགོངས་ཡངས་བཏང་​སྟེ་བུ་ལོན་​བསལ་ལི་​བྱས་​པི་​དིག ད་​མི་​དེ་གཉིས་​ནང་​ནས་​སུས་​ཁོང་​ལེ་​བྱམས་བརྩེ་བ་བགྱིད་​འོད་དིག་​གོ་ཟིན་དྲིས་ཏེ། 43སི་མོན་​གྱིས་​ངའི་སེམས་པ་ལེ། བུ་ལོན་​མང་པོ་བསལ་ལི་མི་དེས་​ཁོང་​ལེ་བྱམས་བརྩེ་བ་བགྱིད་​ཀྱི་​དིག་​ཟིན་​ཞུས་​ཕེན། ཡེ་ཤུས་​ཟང་ཁྱོད་ཀྱིས་​སྨྲས་པའི་ལབ་དེ་བདེན་​པ་ཡིན་དིག་​ཟིན་གསུངས་​པི་དིག 44ཡང་​ཁོང་​གིས་བུ་མའ་མོ་ལེ་​གཟིགས་​ཏེ། སི་མོན། མོ་​ལེ་​ལྟོས་​དང་། ང་​ཁྱོད་ཀྱི་​ཁྱིམ་​ལེ་​འོང་རྒྱ​། ཁྱོད་ཀྱིས་​ང་​ལེ་​རྐང་པ་​འཁྲུད་རྒྱུ་​ཆུ་​ཟང་​མ་​བྱིན་​བྱུང་། ཡིན་ནའང་​། བུ་མའ་འདི་རང་གི་​མིག་ཆུས་ངའི་​རྐང་པ་​བཀྲུས་​པི་​མ་ཟད། རང་གི་སྐྲས​་ངའི་རྐང་པ་འཕྱིས་པི་​དིག 45ཡང་ཁྱོད་ཀྱིས་སྣེ་ལེན་གྱི་ལུགས་སྲོལ་ཅོག་འདྲ་​ང་​ལེ་​མ་​བྱས་​བྱུང་། ཡིན་ནའང་​། བུ་མའ་མོས་​ང་​འདི་རུ་​འོངས་པི་ནས་​ཕེན། ངའི་​རྐང་པ་​ལེ་​ཡང་​ནས་​ཡང་​དུ་​ཐོད་པ་​གཏུགས་​པི་​དིག#7.45 ཡ་ཧུ་དཱ་པའི་ལུགས་སྲོལ་ནང་ལེ། མགྲོན་པོ་སླེབས་རྒྱ། ཐོད་པ་ཐུག་རེ་མི་བགྱིད་འོད་དིག ཁོང་ཀྱ་ཀྱི་ལུགས་སྲོལ་ལེ་རྐང་པ་འཁྲུ་རྒྱུ་ཆུ་སྟེར་གྱོ་འོད་དིག 46ཡང་​ཁྱོད་ཀྱིས་​ངའི་​མགོ་​ལེ་​སྣུམ་​མ་​བྱུགས་​ནའང་། བུ་མའ་མོས་​སྤོས་ཆུ་​གོང་​ཆེན་པོ་​འདི་​ངའི་​རྐང་པ་​ལེ་​བླུགས་​པི་​དིག 47འོ་དེ་ལེ་བརྟེན་ཏེ། ང་​ཁྱོད་​ལེ་​ཟེར་​རོ། མོས་​སྡིག་ཉེས་མང་པོ་བསལ་ཚར་རི་ཕེན། མོ་རང་​དགའ་སྤྲོ་ཆེན་པོ་བྱུང་སྟེ་མོས་ང་​ལེ་​བྱམས་བརྩེ་བ་ཆེན་པོ་བྱས་པི་​དིག ཡིན་ནའང་​། སྡིག་​ཉེས་ཉུང་​མ་བསལ་​ལི་​མི་དེས་​ང་​ལེ་​བྱམས་བརྩེ་བ་འཇུ་གུ་​མི་​བགྱིད་​འོད་དིག་ཟིན་​གསུངས་​པི་​དིག 48དེ་ནས་​ཁོང་​གིས་​བུ་མའ་​མོ་​ལེ། ད་ཁྱོད་ཀྱི་​སྡིག་ཉེས་​བསལ་​ཚར་རི་​དིག་ཟིན་​གསུངས་​ཕེན། 49ཁོང་​དིང་​སྐྱེན་ལེ་​བཟའ་​འཐུང་​བགྱིད་​མཁན་​མི་​དེ་ཀྱ་གཅིག་གིས་གཅིག་ལེ། སྡིག་ཉེས་ཟང་བསལ་ལི་དིག་ཟེར་མཁན་མི་འདི་སུ་ཡིན་​ནེ་ཟིན་སྨྲས་པི་དིག 50ཡིན་ནའང་། ཡེ་ཤུས་​བུ་མའ་མོ་ལེ། ཁྱོད་ཀྱི་​དད་པས་​ཁྱོད་རང་​ལེ་​བསྐྱབས་​པི་དིག ད་ཞི་བདེའི་​ངང་​ནས་​ལོག་​རྒྱུགས་ཟིན་གསུངས་​པི་​དིག །

Voafantina amin'izao fotoana izao:

ལུ་ཀཱ། 7: DLPO

Asongadina

Hizara

Dika mitovy

None

Tianao hovoatahiry amin'ireo fitaovana ampiasainao rehetra ve ireo nasongadina? Hisoratra na Hiditra