མི་དེའི་ལག་གཡས་པར་འཇུས་ནས་ཡར་བསྐྱོར་ཏེ་ལངས་སུ་བཅུག་མ༌ཐག ཁོའི་རྐང་པ་དང་རྐང་པའི་ཚིགས་རྡོག་ལ་ཤེད་རྒྱས་པར་གྱུར༌པས། ཁོ་རང་ཡར་ལྡིང་སྟེ་ལངས་ནས་འགྲོ་ཐུབ་པར་གྱུར་པ༌དང༌། ཡང་པེ་ཏྲོ་དང་ཡོ་ཧ་ནན་གཉིས་དང་འགྲོགས་ནས་མཆོངས་ལྡིང་བྱེད་བཞིན་འགྲོ་བ་དང་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་བཞིན་མཆོད་ཁང་དུ་སོང༌ངོ་།།